མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དུས་ཚིགས་གསུམ་པ་ཤར་ཚུན་དུ་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བྱེད་ཚད་བརྟན་པོའི་ཁྲོད་ཡར་རྒྱས་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-30 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་དངོས་ཟོག་སྐྱེལ་འདྲེན་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཟླ10བའི་ཚེས28ཉིན་ཡོངས་བསྒྲགས་བྱས་པའི་སྙན་ཞུའི་ནང་། དུས་ཚིགས་གསུམ་པ་ཤར་ཚུན་དུ་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བྱེད་རྒྱུ་བརྟན་པོའི་ཁྲོད་ཡར་རྒྱས་བྱུང་ཡོད་པ་དང་། སྤྱི་ཚོགས་ཀྱི་དངོས་ཟོག་སྐྱེལ་འདྲེན་གྱི་དགོས་མཁོ་བརྟན་པོའི་ཁྲོད་ཆེ་རུ་འགྲོ་བཞིན་ཡོད་པས་དུས་ཚིགས་གསུམ་པར་རྒྱལ་ཡོངས་ཀྱི་སྤྱི་ཚོགསདངོས་ཟོག་སྐྱེལ་འདྲེན་བྱས་པའི་སྡོམ་འབོར་སྒོར་དུང་ཕྱུར145.7ཟིན་ཡོད་པ་རེད།

སྙན་ཞུའི་ནང་ད་དུང་མངོན་པར། དུས་ཚིགས་བཞི་པར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མུ་མཐུད་བརྟན་པོའི་ངང་འཕན་སྣོན་འགྲོ་རྒྱུ་དང་། མྱུར་འདྲེན་འཕྲལ་སྐྱེལ་དང་གཞི་གཅིག་ཅན་གྱི་དངོས་ཟོག་སྐྱེལ་འདྲེན། དེ་བཞིན་འབྲེལ་མཐུད་དོ་དམ་ཞབས་ཞུ་སོགས་ནུས་འབྲས་ཆེ་བའི་དངོས་ཟོག་སྐྱེལ་འདྲེན་གྱི་དགོས་མཁོ་སྔར་བཞིན་གང་མགྱོགས་ཆེ་རུ་འགྲོ་རྒྱུ་ཡིན་པ། སྔོན་དཔག་བྱས་ན། ལོ་ཧྲིལ་པོའི་དངོས་ཟོག་སྐྱེལ་འདྲེན་སྡོམ་འབོར་གྱི་འཕར་ཚད10%ཙམ་ཟིན་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག