མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་ནུབ་རྒྱུད་དངོས་མང་འགྲེམས་ཚོགས་ཐོག་མིང་རྟགས་བཀོད་དེ་མ་འཇོག་བྱས་པ་སྒོར་དུང་ཕྱུར4000ལྷག་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-30 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་བཞི་པའི་ནུབ་རྒྱུད་དངོས་མང་འགྲེམས་ཚོགས་ཀྱི་ལས་ཡུལ་དངོས་སུ་ནུབ་རྒྱུད་ནས་ཡིན་པའི་ཁེ་ལས་འབྲིང་ཆུང600ལྷག་དཔལ་འབྱོར་ཉོ་ཚོང་གི་དཔུང་ཁག་གཙོ་བོར་གྱུར་ཡོད་པ་དང་། གཅིག་གཏད་གཅིག་གི་ཁེ་ལས་གྲོས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང་དེའི་ནང་ད་དུང་ཡོ་རོབ་ཀྱི་ཁེ་ལས་འབྲིང་ཆུང་གི་ཆེད་དོན་སྣེ་ལེན་ཚོགས་འདུ་ཚུད་ཡོད་པ་རེད། ཚོགས་དོན་ཞབས་ཞུའི་ཚོ་ཆུང་གིས་བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཁོ་ནས་ཕྱི་རྒྱལ་གྱི་ཁེ་ལས་དང་ཨ་སྒོར་དུང་ཕྱུར2.7གྱི་མ་འཇོག་ཉོ་ཚོང་རྣམ་གྲངས་ཀྱི་མཉམ་ལས་གྲོས་ཆོད་ལ་གྲོས་མཐུན་བཞག་ཡོད། ཡིན་ནའང་དེ་བས་མང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་འབྲིང་ཆུང་གིས་ཡོངས་ཁྱབ་ཐོག་ཕན་ཚུན་ཉམས་ཞིབ་དང་སྔར་བས་མཉམ་ལས་ཀྱི་འདོད་མོས་ཐད་ལ་ངོས་འཛིན་བྱུང་ཡོད་པ་རེད།

གཅིག་བསྡུས་ཐོག་ཆིང་ཡིག་ལ་མིང་རྟགས་བཀོད་པའི་ཁེ་ལས་འབྲིང་ཆུང་གི་འཐུས་མི། བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཟི་ཁྲོན་ཚོང་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཏའེ་ཀྲུང་ལིན་གྱིས། ད་ལོ་ནུབ་རྒྱུད་དངོས་མང་འགྲེམས་ཚོགས་ཐོག་མིང་རྟགས་བཀོད་དེ་མ་འཇོག་བྱས་པ་སྒོར་དུང་ཕྱུར4000ལྷག་ཟིན་པ་དང་དེའི་ནང་དུ་ང་ཚོའི་གྲས་ཀྱང་ཡོད་ཅེས་དང་། ཁོང་གིས་ང་ཚོ་ནི་དངོས་འབྲེལ་གྱི་འབྱུང་འགྱུར་ཡིན། ཁེ་ལས་ཆེན་པོ་གང་འདྲ་ཞིག་ཡིན་རུང་ཁེ་ལས་འབྲིང་ཆུང་ནས་འཚར་ལོང་བྱུང་བ་ཞིག་མ་ཡིན་ནམ་ཞེས་གསུང་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག