མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2015ལོར་རྒྱལ་ནང་ནས་ཐོན་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས C919འཕུར་སྐྱོད་ཐེངས་དང་པོ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-30 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་ཀུང་སིས། སྤྱི་ལོ2015ལོར་རྒྱལ་ནང་ནས་ཐོན་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲསC919འཕུར་སྐྱོད་ཐེངས་དང་པོ་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད། ཉེ་དུས་སྤྱི་ཚོགས་ཐོག་དོ་ཁུར་བྱེད་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲསC919འཕུར་སྐྱོད་ཐེངས་དང་པོ་བྱེད་པའི་དུས་ཚོད་ལོ་གཅིག་ནར་འགྱངས་བྱས་པའི་གནད་དོན་ཐད། ཀྲུང་གོའི་ཚོང་སྤྱོད་གནམ་གྲུའི་ཚད་ཡོད་ཀུང་སིའི་སྤྱི་ཁྱིབ་རྩིས་པ་ཐན་མིན་གྱིས། དེ་ནི་གཙོ་བོ་རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པ། བཟོ་རྩལ་གསར་པ་བཅས་བདེ་སྤྱད་པའི་བདེ་འཇགས་རང་བཞིན་ལ་བསམ་གཞིགས་བྱས་ཏེ། གཏན་འབེབས་བྱས་པ་ཡིན་ཞེས་དང་ཁོང་གིས་དུས་མཚུངས་སུ། མིག་སྔར་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲསC919འི་གནམ་གྲུའི་འགྲུལ་ཁང་ནན་ཁྲང་ཁེ་མའོ་རུ་ཡོད་པ་དང་། གནམ་གྲུའི་མ་སྒྲོམ་ཐོན་སྐྱེད་བྱེད་པའི་དུས་མཚམས་སུ་སླེབས་ཡོད། ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་ཀུང་སིས་སྤྱི་ཚེས28ཉིན་གྱི་དགོང་མོ་ཤིང་ཡའེ་དངུལ་རྩ་བོགས་གཏོང་ཚད་ཡོད་འགན་འཁྲི་ཀུང་སི་དང་འགྲུལ་སྐྱེལ་གནམ་གྲུC91920ཉོ་སྒྲུབ་བྱེད་རྒྱུའི་གྲོས་ཆོད་ལ་མིང་རྟགས་སླར་ཡང་བཀོད་ཡོད། ད་བར། འགྲུལ་སྐྱེལ་གནམ་གྲུ་ཆེ་གྲསC919མངགས་ཐོ་འགོད་ཚད་ཁྱོན་བསྡོམས400ཟིན་ཡོད་ཅེས་ཟུར་བསལ་གནང་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག