མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་ལག་ཐོགས་ཁ་པར་ཐོག་མ་དེ་འགྲེམས་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-30 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱི་རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་ལག་ཐོགས་ཁ་པར་ཐོན་དང་པོ་དེ་འཛམ་གླིང་ཡོངས་སུ་འགྲེམས་སྤེལ་བྱེད་པའི་མཛད་སྒོ་སྤྱི་ཟླ10བའི་ཚེས28ཉིན་ལྷ་སར་འཚོགས་པ་དང་། དེའི་ཐོག་ནས་བོད་ཀྱི་དེང་རབས་འཕྲིན་གཏོང་ཆ་འཕྲིན་དང་བོད་ཡིག་ཆ་འཕྲིན་ཐག་གཅོད་ལག་རྩལ་ཞིབ་བཟོ་བྱ་རྒྱུ་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པ་མཚོན་གྱི་ཡོད། ལག་ཐོགས་ཁ་པར་དེས་ཞིང་འབྲོག་ཁུལ་གྱི་བོད་རིགས་མང་ཚོགས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིམས་སྲོལ་ཤེས་རྟོགས་དང་གནམ་གཤིས་ཞབས་ཞུ་སོགས་ཀྱི་ཆ་འཕྲིན་མཁོ་འདོན་བྱ་རྒྱུར་སྟབས་བདེ་བསྐྲུན་པ་དང་། ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ་གནའ་བོའི་བོད་སྐད་ཡིག་རིག་གནས་ལ་གསོན་ཤུགས་གསར་པ་འཕེལ་ཏུ་བཅུག་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལག་ཐོགས་ཁ་པར་དེས་རིག་ནུས་ལག་ཐོགས་ཁ་པར་གྱི་ཁྱེར་རྐྱང་ཡིན་པའི་བཀོལ་སྤྱོད་མ་ལག་གི་ལག་རྩལ་དང་བོད་ཡིག་ཆ་འཕྲིན་འབྲི་བ་དང་། ཉར་ཚགས་བྱེད་པ། རིག་ནུས་ཐག་གཅོད་ལག་རྩལ་བཅས་གཅིག་སྡུད་བྱས་ཡོད་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ངོས་སྟབས་བདེ་པོས་བརྗེ་རེས་བྱེད་པ་དང་བོད་རྒྱ་ཡིག་རིགས་གཉིས་ཟུང་འབྲེལ་གྱིས་ཐག་གཅོད་བྱེད་པའི་ནུས་པ་ལྡན་པས་ཁ་པར་བེད་སྤྱོད་བྱེད་མཁན་ནས་བོད་ཡིག་གི་ཐོག་ནས་མཉེན་ཆས་དང་། རོལ་རྩེད་སོགས་ཞབས་ཞུ་མཁོ་འདོན་བྱེད་མཁན་ཕྱོགས་གསུམ་པས་མཁོ་འདོན་བྱས་པ་སྒྲིག་སྦྱོར་བྱས་ཏེ། ལག་ཐོགས་ཁ་པར་གྱི་ནུས་པ་ཟམ་མི་ཆད་པར་རིམ་འཕར་བྱེད་ཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག