མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་སྤྱི་ལོ2014ལོའི་ལོ་ཧྲིལ་པོའི་གཞུང་ཞབས་པ་བསྡུ་བའི་དྲ་ཐོག་མིང་ཐོ་འགོད་པ་མཇུག་སྒྲིལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-29 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་2014ལོའི་ལོ་འཁོར་གྱི་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་གཞུང་ཞབས་པ་བསྡུ་བའི་དྲ་ཐོག་མིང་ཐོ་འགོད་མཇུག་སྒྲིལ་བ་རེད། སྤྱི་ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18བར་སླེབས་དུས། ཁྱོན་བསྡོམས་མི་ས་ཡ1.44གྱི་ཐོབ་ཐང་ཞིབ་བཤེར་འཕྲོད་པ་དང་། དེའི་རྗེས་ད་དུང་མི171000བསྡུ་ལེན་ཚན་པས་ཐོབ་ཐང་ལ་ཞིབ་བཤེར་བྱེད་རྒྱུ་དང་། ཐོབ་ཐང་ཞིབ་བཤེར་ཧྲིལ་པོའི་ལས་དོན་སྤྱི་ཟླ10པའི་ཚེས26ཉིན་གྱི་ཆུ་ཚོད18ནས་མཇུག་སྒྲིལ་ཡོད་པ་རེད།

ཐོབ་ཐང་ཞིབ་བཤེར་འཕྲོད་པའི་མི་སྣའི་གནས་ཚུལ་ལ་བལྟས་ཚེ། ཀྲུང་དབྱང་ལས་ཁུངས་དང་དེ་བཞིན་ཞིང་ཆེན་རིམ་པའི་ཐད་གཏོགས་ལས་ཁུངས་ལ་རྒྱུགས་ཚད་ཐོ་འགོད་བྱས་པའི་མི་གྲངས་ཁྱོན་བསྡོམས286000ཟིན་ནས། ན་ནིང་ལས12%ཉུང་དུ་ཕྱིན་ཡོད། མི་ཉུང་ཤས་ཀྱིས་དམིགས་བསལ་ལས་གནས་ལ་ཐོ་འགོད་བྱེད་པ་ཕུད། མི་མང་ཆེ་བ་ནི་གཞི་རིམ་ལ་ལས་ཀའི་ཉམས་མྱོང་ལོ་གཉིས་ཡན་ཡོད་པའི་མི་སྣ་ཡིན་པ་རེད། ཐོབ་ཐང་ཞིབ་བཤེར་ཚད་མཐུན་ཡིན་པའི་མི་སྣའི་ཁྲོད། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་གནས་ཡོད་མཁན་གྱིས95.7%ཟིན་པ་དང་། གྲངས་ཉུང་མི་རིགས་ཀྱི་རྒྱུགས་ལེན་སློབ་མས9.5%ཟིན་ཡོད། རིག་ཚན་གྱི་ཁྱབ་ཁོངས་རྒྱ་ཆེན་པོ་ཡིན་ཏེ། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། དོ་དམ། དཔལ་འབྱོར། ཁྲིམས་ལུགས། རིག་གནས་དང་ལོ་རྒྱུས། ཚན་ཉིད་རིག་པའི་ཆེད་ལས་ཀྱི་ཐོ་འགོད་མི་སྣ་ཅུང་མང་བ་ཡོད་པ་རེད།

ཐོག་མའི་བསྡོམས་རྩིས་བྱས་པར་གཞིགས་ན། བསྡུ་ལེན་ལས་གནས37ཀྱི་ཐོ་འགོད་བསྡུར་ཚད1000:1ལས་བརྒལ་ཡོད། ལས་གནས106ལ་ཐོ་འགོད་བྱེད་མཁན་མེད་པའམ་ཐོབ་ཐང་ཞིབ་བཤེར་བྱེད་སྐབས་ཚད་ལོན་མཁན་བྱུང་མེད། ལས་གནས་དེ་དག་མང་ཆེ་བ་ནི་དཀའ་ཚེགས་ཆེ་ཞིང་ཐག་རིང་ས་ཁུལ་གྱི་ལས་གནས་དང་དམིགས་བསལ་གྱི་ཆེད་ལས་ལས་གནས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག