མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས25ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀུང་ཟིའི་མ་རྩ་ཐོ་འགོད་བྱེད་པའི་ལམ་ལུགས་བཅོས་བསྒྱུར་བྱེད་པ་དང་། གསར་སྐྲུན་མ་རྩ་ཇེ་ཉུང་དུ་གཏོང་བ། སྤྱི་ཚོགས་ཀྱི་དངུལ་གཏོང་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་པ་བཅས་ཀྱི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་བསྟན་དོན། མ་རྩ་ཐོ་འགོད་བྱེད་པའི་ལམ་ལུགས་བཅོས་བསྒྱུར་བྱེད་པ་དང་། ཚོང་རར་ཞུགས་པའི་ཚད་གཞི་ཇེ་ལྷོད་དུ་གཏོང་བ། སྲིད་གཞུང་གི་ལྟ་སྐུལ་དོ་དམ་བྱེད་ཐབས་གསར་སྐྲུན་བྱེད་པ། མངོན་གསལ་དང་དྲང་བདེན་གྱི་དེང་རབས་ཀུང་ཟིའི་ཐོ་འགོད་ལམ་ལུགས་འཛུགས་སྐྲུན་བྱེད་རྒྱུ་དེ་ནི་སྐབས་གསར་བའི་སྲིད་གཞུང་གི་འགན་ནུས་བསྒྱུར་བའི་སྤྱིའི་བཀོད་སྒྲིག་དང་བཅོས་བསྒྱུར་འཆར་གཞིའི་ནང་གི་བྱ་བ་གལ་ཆེན་ཞིག་ཡིན། དེའི་དམིགས་ཡུལ་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་མར་སྤྲོད་པ་དང་། དྲང་གཞག་གི་འགྲན་རྩོད་ཚོང་རའི་ཁོར་ཡུག་བསྐྲུན་པ། སྤྱི་ཚོགས་ཀྱི་མ་རྩ་སྟོབས་ཤུགས་སྐུལ་སློང་བྱས་ནས། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་དང་ཁྱད་པར་དུ་གསར་སྐྲུན་རང་བཞིན་གྱི་ཁེ་ལས་འཕེལ་རྒྱས་སུ་བཏང་སྟེ། ལས་ཞུགས་བྱ་བར་སྣེ་ཁྲིད་པ་དང་། གསར་དར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མ་རྩ་ཐོ་འགོད་བྱེད་པའི་ལམ་ལུགས་བཅོས་བསྒྱུར་བྱེད་པའི་བྱ་བར་ཁྱབ་རྒྱ་ཆེ་ཞིང་། སྲིད་ཇུས་རང་བཞིན་དྲག་པོ་ལྡན་པས། བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་གོ་རིམ་ལྟར་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་ལ་བཟོ་བཅོས་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་དེར་གཞོགས་འདེགས་དམ་པོ་བྱས་ནས། ཆ་ཚང་བྱེད་ཐབས་མྱུར་དུ་གཏན་འཁེལ་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག