མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་ལྔའི་རིང་ལ་རང་རྒྱལ་གྱི་བུད་མེད་ཁེ་དབང་ཕྱོགས་ཡོངས་ནས་འགན་སྲུང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 11:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉེ་ལམ་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་གཅིག་གིས་བུད་མེད་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱེད་ཐབས་བཟོ་བཅོས་ལས་འགན་ཡོངས་འགྲུབ་བྱས་པ་དང་། རྫོང་དང་ས་ཁུལ་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་ཏུ་བུད་མེད་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཁ་པར་གཏན་འཁེལ་བྱས། ལོ་ལྔའི་རིང་ལ་རྒྱལ་ཁབ་ཀྱིས་བྱ་བ་དེར་ཧ་ཅང་མཐོང་ཆེན་བྱས་འོག བུད་མེད་དུང་ཕྱུར་མང་བོའི་བདེ་ཐང་དང་འཚོ་བ། འཕེལ་རྒྱས་བཅས་ཀྱི་ཁེ་དབང་ཕྱོགས་ཡོངས་ནས་འགན་སྲུང་བྱས།

ད་ལྟ་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་ཁེ་དབང་སྲུང་སྐྱོབ་ཞབས་ཕྱིའི་ལས་ཁུངས250000ལྷག་བཙུགས་ཡོད་པས། ཞིང་སྡེ་ཡི་ཕ་མ་རྩུབ་ན་མེད་པའི་བུད་མེད་བྱིས་པ་ནས་རང་བདག་གསར་སྤེལ་བྱེད་པའི་བུད་མེད་སློབ་གྲྭ་ཆེན་མོ་བ་ཚང་མས་འཚོ་བ་དང་འཕེལ་རྒྱས་སོགས་ཀྱི་ཁེ་དབང་འགན་སྲུང་ལོངས་སུ་སྤྱད་ཆོག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག