མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་གྱི་ནང་འདྲེན་ཁྲལ་བསྡུའི་འབྲེལ་ཡོད་སྲིད་ཇུས་ཁ་གསལ་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-28 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས་ཉིན་ཤས་གོང་ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་གྱི་ནང་འདྲེན་ཁྲལ་བསྡུའི་འབྲེལ་ཡོད་སྲིད་ཇུས་ཁ་གསལ་བཟོས་པ་དང་། སྲིད་ཇུས་དེ་ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་སྒོ་བྱང་བཀལ་ནས་དབུ་བརྙེས་པའི་ཉིན་ནས་བཟུང་ལག་བསྟར་བྱས་ཡོད་པ་རེད།

ཚོད་ལྟའི་ཁུལ་ནང་ཐོ་འགོད་བྱས་པའི་རྒྱལ་ནང་གི་བོག་གཏོང་ཀུང་སིའམ་དེས་བཙུགས་པའི་རྣམ་གྲངས་ཡན་ལག་ཀུང་སིར། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པས་ས་ཁོངས་ཕྱི་རོལ་ནས་ཐེག་ནུས་ཏུན25ཡན་ཡིན་པ་མ་ཟད་རྒྱལ་ནང་གི་མཁའ་འགྲུལ་ཀུང་སིར་བེད་སྤྱོད་གཏོང་རྒྱུར་བོག་མར་བཏང་བའི་གནམ་གྲུ་ཉོ་སྒྲུབ་བྱེད་པར་ཆོག་མཆན་སྤྲད་ཚེ། ནོར་སྲིད་པུའི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ནང་འདྲེན་གནམ་གྲུའི་འབྲེལ་ཡོད་རིན་འཕར་དཔྱ་ཁྲལ་ལེགས་སྒྲིག་བྱ་རྒྱུའི་སྲིད་ཇུས་སྐོར་གྱི་བརྡ་ཐོ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ནང་འདྲེན་གནམ་གྲུའི་ནང་འདྲེན་ལྷུ་ཚིགས་ཀྱི་རིན་འཕར་དཔྱ་ཁྲལ་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོའི་ནང་གཏན་འབེབས་བྱས་པའི་རིན་འཕར་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

ཚོད་ལྟའི་ཁུལ་ནང་བཙུགས་པའི་ཁེ་ལས་ནས་ཐོན་སྐྱེད་དང་ལས་སྣོན་བྱས་པ་མ་ཟད་ཐོན་སྐྱེད་བྱེད་ཡུལ་གཞན་དག་བརྒྱུད་ནང་སར་འགྲེམ་ཚོང་བྱེད་པའི་དངོས་ཟོག་ལ་སྒྲིག་སྲོལ་ལྟར་ནང་འདྲེན་ལྷུ་ཚིགས་ཀྱི་རིན་འཕར་དཔྱ་ཁྲལ་དང་མཛད་སྤྱོད་དཔྱ་ཁྲལ་བསྡུ་རྒྱུ་དང་། ཁེ་ལས་ཀྱི་རེ་ཞུ་ལྟར། ནང་སར་འགྲེམ་ཚོང་བྱེད་པའི་དངོས་ཟོག་དེ་དག་ནང་འདྲེན་རྒྱུ་ཆའམ་དོན་དངོས་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་ཕུལ་བའི་གནས་ཚུལ་ལ་གཞིགས་ནས་སྒོ་ཁྲལ་བསྡུ་བའི་སྲིད་ཇུས་ཚོད་ལྟ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

ད་ལྟ་ལག་བསྟར་བྱེད་པའི་སྲིད་ཇུས་ཀྱི་སྒྲོམ་གཞིའི་འོག ཚོད་ལྟའི་ཁུལ་ནང་གི་ཐོན་སྐྱེད་ཁེ་ལས་དང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་སྒོའི་ཁེ་ལས་ནས་ཉེར་མཁོའི་འཕྲུལ་ཆས་དང་སྒྲིག་ཆས་སོགས་དངོས་ཟོག་ནང་འདྲེན་བྱེད་པར་སྒོ་ཁྲལ་ཆག་ཡང་གཏོང་རྒྱུ་ཡིན་མོད། འོན་ཀྱང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སོགས་ཁེ་ལས་ནས་ནང་འདྲེན་བྱས་པའི་དངོས་ཟོག་དང་དེ་བཞིན་ཁྲིམས་ལུགས་དང་། སྲིད་འཛིན་ཁྲིམས་སྲོལ། འབྲེལ་ཡོད་གཏན་འབེབས་ནང་སྒོ་ཁྲལ་ཆག་ཡང་གཏོང་མི་ཆོག་པ་ཁ་གསལ་བཟོས་པའི་དངོས་པོ་དེའི་ནང་ཚུད་ཀྱི་མེད་པ་རེད།

དངོས་ཟོག་ནང་འདྲེན་གྱི་ཁྲལ་བསྡུའི་སྲིད་ཇུས་ལག་བསྟར་ནན་ཏན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དམིགས་གཏན་འཁེལ་བའི་ཁུལ་དུ་ཁྲལ་ཆག་འགན་ལེན་གྱི་འགྲེམ་སྟོན་ཉོ་ཚོང་སྟེགས་བུ་འཛུགས་ཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག