མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་བཅུ་བཞི་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་མཇུག་སྒྲིལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-28 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས27ཉིན། དུས་ཡུན་ཉིན5ཡིན་པའི་སྐབས་བཅུ་བཞི་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་མཇུག་སྒྲིལ་ཡོད་པ་རེད། སྐབས་འདིའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་ནང་ཁྱོན་གན་རྒྱ་བཞག་པའི་མ་འཇོག་རྣམ་གྲངས462ཡོད་པ་དང་། མ་འཇོག་གན་རྒྱ་འཇོག་ཚད་རིན་ཐང་སྒོར་དུང་ཕྱུར5631.8ཟིན་པ་དང་། དེའི་ནང་སི་ཁྲོན་ཞིང་ཆེན་གྱིས་གན་རྒྱ་བཞག་པའི་མ་འཇོག་རིན་ཐང་སྒོར་དུང་ཕྱུར3688.2ཡིན་པ་དེས་གན་རྒྱ་བཞག་པའི་སྤྱི་འབོར་གྱི65.5%ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་ཚོགས་ནང་ཁྱོན་རྒྱལ་ཁབ་དང་ས་ཁུལ106ནས་ཡོང་བའི་ས་ཁོངས་ཕྱི་ནང་གི་སྐུ་མགྲོན་ཁྲི6ལྷག་ཞུགས་ཡོད་པ་དང་། མ་འཇོག་སྐུལ་འདེད་བྱེད་སྒོའི་རྣམ་གྲངས56གཉེར་ཡོད་པ་རེད། སྤྱི་ཚེས23ཉིན་འཚོགས་པའི་ནུབ་རྒྱུད་མ་འཇོག་གསལ་བཤད་ཚོགས་འདུའི་ཐོག སི་ཁྲོན་གྱི་པ་ཀྲོའུ་དང་ཤིན་ཅང་གི་ཨུ་ལུམ་ཆི་སོགས་ནུབ་རྒྱུད་གྲོང་ཁྱེར་ནས་སྒོར་དུང་ཕྱུར4448ཟིན་པའི་མ་འཇོག་རྣམ་གྲངས་ཀྱི་གན་རྒྱ་བཞག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག