མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་བུད་མེད་ཀྱི་ཚོགས་ཆེན་བཅུ་པ་འཚོགས་ཚུན་གྱི་བུད་མེད་བྱ་གཞག་དང་བུད་མེད་ལས་དོན་གྱི་ཕྱོགས་བསྡུས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-28 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འདས་ཟིན་པའི་ལོ་ལྔའི་ནང་། ཏང་གི་འགོ་ཁྲིད་འོག་བུད་མེད་བྱ་གཞག་དང་བུད་མེད་ལས་དོན་སྔར་སོང་རྒྱུད་འཛིན་དང་དུས་བསྟུན་མཉམ་སྐྱོད་ཐུབ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཡོད་པ་རེད།

ལོ་ལྔའི་རིང་། ཏང་དང་རྒྱལ་ཁབ་ཀྱི་ཚད་མཐོའི་མཐོང་ཆེན་འོག རང་རྒྱལ་གྱི་བུད་མེད་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་དེ།

གཅིག་ནི་བུད་མེད་ཀྱིས་དཔལ་འབྱོར་གོང་འཕེལ་གཏོང་བའི་ཁྲོད་ཐེ་ཞུགས་བྱེད་པའི་གར་སྟེགས་དེ་བས་རྒྱ་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཡོངས་ཀྱི་ལས་ཞུགས་མི་སྣའི་ཁྲོད་བུད་མེད་ཀྱི་བསྡུར་ཚད་དེ46%ཡས་མས་རྒྱུན་འཛིན་ཐུབ་པ་དང་། བུད་མེད་ཀྱི་ལས་སྐྲུན་ལས་ཞུགས་གཞི་ཁྱོན་རྒྱུན་མཐུད་རྒྱ་སྐྱེད་དང་། ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་སྐྱེད། བྱེད་ཐབས་ཉིན་རེ་བཞིན་སྣ་མང་ཅན་དུ་གྱུར་ཡོད་པ་རེད།

གཉིས་ནི་བུད་མེད་ཀྱིས་བཀོད་ཇུས་དང་དོ་དམ་ཁྲོད་ཞུགས་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བུད་མེད་འཐུས་མི་དང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བུད་མེད་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་བུད་མེད་ཨུ་ཡོན་བཅས་ཀྱི་བསྡུར་ཚད་ཁག་སོ་སོར་སྐབས་གོང་མ་ལས་བརྒྱ་ཆའི་ཆ2.9དང་། བརྒྱ་ཆའི་ཆ2.07། བརྒྱ་ཆའི་ཆ0.18བཅས་མཐོ་རུ་ཕྱིན་ཡོད་པ་དང་། བང་རིམ་ཁག་གི་བུད་མེད་ལས་བྱེད་པའི་བསྡུར་ཚད་བརྟན་པོའི་ངང་འཕར་ཡོད་པ་རེད།

གསུམ་ནི་བུད་མེད་ལ་སློབ་གསོ་མྱོང་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ། རིམ་ཁག་དང་རིགས་ཁག་གི་སློབ་གསོའི་ནང་ཕོ་མོའི་གྲུབ་ཆ་དོ་སྙོམས་ཡོང་བཞིན་ཡོད་པ་དང་། སློབ་གྲྭར་ཡོད་པའི་བུད་མེད་སློབ་ཆེན་སློབ་མ་དང་བུད་མེད་ཞིབ་འཇུག་སློབ་མའི་བསྡུར་ཚད་ཁག་སོ་སོར51.7%དང་། 48.5%ལ་སླེབས་ཡོད་པ། ན་གཞོན་བུད་མེད་ཚན་རྩལ་ཤེས་ལྡན་པ་འབོར་ཆེན་ཐོན་དང་ཐོན་བཞིན་ཡོད་པ་རེད།

བཞི་ནི་བུད་མེད་ཀྱི་བདེ་ཐང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། བུད་མེད་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུན་མཐོང་ནད་དང་ན་མང་བའི་ནད་གཞིར་འགོག་བཅོས་ནུས་ལྡན་ཐུབ་ཡོད་པ་དང་། སྦྲུམ་མ་དང་མངལ་འཁོར་བའི་བུད་མེད་ཤི་ཚད་དེ་ལོ་ལྔའི་གོང་དང་བསྡུར་ན་བརྒྱ་ཆའི་ཆ12ཆག་ཡོད་པ། བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ77ཟིན་ཡོད་པ་རེད།

ལྔ་ནི་བུད་མེད་ཀྱི་སྤྱི་ཚོགས་འགན་སྲུང་ལ་སྔར་བས་ཤུགས་སྣོན་ཐེབས་པ། བུད་མེད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་དེ་སྐྱེས་པ་དང་གཞི་རྩའི་ཆ་ནས་སྙོམས་ཀྱི་ཡོད་པ་དང་། བུ་བཙའི་འགན་བཅོལ་ཁེབས་ཚད་བརྒྱ་ཆ་༩༥ལྷག་ཟིན་ཡོད་པ་རེད།

ལོ་ལྔའི་རིང་། རྒྱ་ཆེའི་བུད་མེད་དང་མེས་རྒྱལ་གྱི་ལས་དབང་གཅིག་མཚུངས་དང་དུས་བསྟུན་མཉམ་སྐྱོད་ཐུབ་ཡོད་པས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུར་རྒྱལ་ཁ་གསར་པ་ལེན་ཆེད་ལེགས་སྐྱེས་མངོན་གསལ་ཕུལ་ཡོད་པ་རེད།

ལོ་བཅུ་བསྟུད་མར། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་སྨན་བཅོས་རུ་ཁག་ནང་ཐེངས་བཅུ་དྲུག་ཞུགས་པ་དང་། རྒྱལ་ཁབ་མང་པོ་ཞིག་དང་ཀྲུང་གོའི་ཐག་རིང་ཤོས་ཀྱི་ཞིང་ལྗོངས་སུ་སླེབས་ཡོད་པ་རེད། དེ་ཡང་། བོད་དུ་ཐེངས་ལྔ་དང་ཤིན་ཅང་ལ་ཐེངས་གསུམ་བསྐྱོད་ནས་ལིང་གྲིབ་ཀྱི་ནད་ཕོག་པའི་ནད་པ་དྲུག་སྟོང་ལྷག་ལ་སྨན་བཅོས་བྱས་ཡོད། དེའི་ནང་བོད་རིགས་སྤུན་ཟླས་མཛའ་བརྩེའི་ངང་ནས་འོད་སྣང་སྦྱིན་མཁན་བདེ་སྐྱིད་ལྷ་མོ་ཞེས་པའི་མིང་བཏགས་པའི་ཧོ་ནན་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ལའི་ཧྥང་སོགས་ཡོད་པ་རེད།

ལོ་ལྔའི་རིང་། བུད་མེད་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་སྲ་ཞིང་བརྟན་པའི་འཐབ་ས་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་འཛུགས་སྐྲུན་བྱས་ནས་ལས་དོན་ཁག་ལ་མཆོངས་བརྒལ་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

སྤྱི་ལོ2010ལོའི་སྤྱི་ཟླ11པར་སླེབས་དུས། པེ་ཅིན་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་གྲོང་ཁུལ་དང་གྲོང་གསེབ་ཀྱི་གྲོང་ཁུལ6590ལ་བུད་མེད་ཁྱིམ་ཚང་བཙུགས་ཡོད་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་བུད་མེད་ཁྱིམ་ཚང་ཡོངས་སུ་ཁེབས་ཐུབ་པ་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག