མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་འཚོའི་ཆུ་བེད་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-28 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་འདི་ཤར་ཚུན། རང་རྒྱལ་དུ་ཚབས་ཆེའི་རང་བྱུང་གནོད་འཚེ་ཐེངས་མང་ཐོན་ཡོད་ཀྱང་། ཞིང་ལས་དང་གྲོང་གསེབ་གོང་འཕེལ་ཡག་ཏུ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། དེའི་ནང་ནས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དང་། རི་ཉིལ་བའི་གནོད་འཚེ་འགོག་བཅོས། ཞིང་ཆུ་འདྲེན་ཁུལ་གྱི་རྒྱུན་མཐུད་ཆ་སྦྱོར་དང་ཆུ་གྲོན་ཆུང་བསྒྱུར་བཀོད་སོགས་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་ལ་ནུས་འབྲས་གསར་པ་ཐོབ་ཡོད་ཅིང་། དེས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ནུས་ལྡན་ཐུབ་ཡོད་པ་རེད།

གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ2013ལོར་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར910དོན་འཁྱོལ་བྱས་ནས་གཙོ་གནད་ཐོག་གྲོང་གསེབ་ཀྱི་མི་འབོར་བྱེ་བ6.343ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུར་བེད་སྤྱོད་བཏང་ཡོད་པ་དང་། གཙོ་གནད་ཀྱི་ཉེན་ཁ་ཡོད་པའི་ཆུ་མཛོད་ཆུང་གྲས15891ཀྱི་ཉེན་ཁ་མེད་པར་བཟོ་བ་དང་བརྟན་དུ་གཏོང་བའི་འཆར་འགོད་ལས་འགན་ལེགས་གྲུབ་བྱས་པ། ཉེན་ཁ་ཡོད་པའི་ཆུ་མཛོད་འབྲིང་གྲས220ཡི་ཉེན་ཁ་མེད་པ་བཟོས་པ་དང་བརྟན་དུ་བཏང་བ། གཙོ་གནད་རྒྱུག་ཆུ་འབྲིང་ཆུང་ཆིག་སྟོང་ལྷག་གི་རྒྱུག་ཁོངས་བཅོས་སྐྱོང་དང་གཙོ་གནད་རྫོང58ཕྱོགས་བསྡུས་ལེགས་སྒྲིག་བྱས་པ། ཞིང་ཆུ་འདྲེན་ཁུལ་ཆེ་གྲས་ཀྱི་རྒྱུན་མཐུད་ཆ་སྦྱོར་དང་ཆུ་གྲོན་ཆུང་བསྒྱུར་བཀོད། འབྲོག་ཁུལ་གྱི་ཆུ་བེད་སོགས་ཞིང་ནང་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བ། གྲོང་གསེབ་ཀྱི་ཆུ་གློག་ལས་ཆོད་འཕར་སྣོན་དང་རྒྱ་སྐྱེད་གཏོང་བའི་བསྒྱུར་བཀོད་རྣམ་གྲངས་དང་ཁག་ལྔ་པའི་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་གཙོ་གནད་རྫོང་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག