མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དུས་ཚིགས་དང་པོ་ནས་གསུམ་པ་བར་ཤིན་ཅང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར5700ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཤིན་ཅང་གི་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ2013ལོའི་དུས་ཚིགས་དང་པོའི་ནས་གསུམ་པོའི་བར་ཤིན་ཅང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར5700ཟིན་པ་དང་། ལོ་གོང་མའི་དུས་མཚུངས་ལས10.8%འཕར་ཞིང་། རྒྱལ་དམངས་དཔལ་འབྱོར་གྱི་འཕར་ཚད་བང་རིམ་རྒྱལ་ཡོངས་ཀྱི་ཨང་དགུ་པར་སླེབས་པ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་བང་རིམ་ཁྲོད་ལོ་ངོ22རིང་མཐོ་ཤོས་ཡིན་པའི་ཟིན་ཐོ་གཏོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པ་བར་ཤིན་ཅང་གི་དངོས་གཟུགས་དཔལ་འབྱོར་བརྟན་པོའི་ཁྲོད་ཡག་ཏུ་འགྲོ་བཞིན་ཡོད་པ་དང་། ཁྱད་ལྡན་བཟང་ཆའི་ཐོན་ལས་འཕར་སྣོན་ཅུང་མགྱོགས་པོ་ཕྱིན་ཡོད། དེའི་ཁྲོད་ཞིང་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཕྱིན་པ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་ལོ་ལེགས་བྱུང་བ། འབྲུ་རིགས་ཐོན་སྐྱེད་ལོ་གསུམ་བསྟུད་མར་འཕར་སྣོན་བྱུང་བ། ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་ལོ་ལེགས་ཡོང་རེ་ཡོད་པ། སྲིང་བལ་ཐོན་སྐྱེད་བརྟན་པོ་ཡོད་པ། སྔོ་ཚལ་ཐོན་སྐྱེད་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ། ཕྱུགས་ལས་ཐོན་སྐྱེད་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག