མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྡེ་ཚན4ཡིས་ཡི་གེ་བཏང་ནས་ནར་མ་སོན་པའི་གཞོན་ནུ་ལོ་ཆུང་ལ་བཙན་གནོད་བྱེད་པའི་ཉེས་བསགས་ལ་ཆད་པ་ནན་པོ་གཅོད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 10:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས་སྤྱི་ཟླ10བའི་ཚེས24ཉིན་མཉམ་འབྲེལ་ཐོག་ཁྲིམས་ལྟར་ནར་མ་སོན་པའི་གཞོན་ནུ་ལོ་ཆུང་ལ་བཙན་གཡེམ་བྱེད་པའི་ཉེས་བསགས་ལ་ཆད་པ་གཅོད་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་ཁྱབ་སྤེལ་བྱས་པ་མ་ཟད། དཔེ་མཚོན་གྱི་གྱོད་གཞི་བཞི་ཡོངས་བསྒྲགས་བྱས་པ་རེད། བསམ་འཆར་དེར་ཁྱོན་དོན་ཚན34ཡོད་པ་དང་། བསམ་འཆར་དེ་སྤྱི་ཟླ10ཚེས15ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

བསམ་འཆར་ནང་གྱོད་གཞི་བདག་སྤྲོད་ལས་ཁུངས་ནས་དུས་ཐོག་ཏུ་གྱོད་གཏུགས་དང་འཚོལ་བསྡུ། དཔང་རྟགས་གཏན་འཁེལ་བཅས་ཀྱི་འགན་འཁྲི་ཤུགས་ཆེར་བཏང་ཡོད་པ་དང་། གཙོ་གནད་དུ་བུད་མེད་བྱིས་པར་བཙན་གཡེམ་བྱེད་པ་སོགས་ཉེས་བསགས་ངོས་གཏན་འཁེལ་བའི་རྩ་དོན་ཁ་གསལ་བཟོས་ཡོད་པ་རེད། རྣམ་པའི་ཐོག་རྒྱུ་ནོར་འགྲོ་འོང་ངེས་གཏན་ཡོད་ནའང་། ངོ་བོའི་ཐོག་ནས་བུད་མེད་བྱིས་པར་བཙན་གཡེམ་བྱས་པའི་བྱ་སྤྱོད་དེ་བཙན་གཡེམ་ཉེས་བསགས་ལ་གཏན་འཁེལ་ནས་ཆད་པ་གཅོད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། ནར་མ་སོན་པའི་གཞོན་ནུ་ལོ་ཆུང་ལ་ལྟ་སྐུལ་དང་སློབ་གསོ། སྦྱོང་བརྡར། ལྟ་སྲུང་། སྨན་བཅོས་སོགས་དམིགས་བསལ་འགན་འཁྲི་འཁུར་མཁན་དང་དེ་བཞིན་སྤྱི་དམངས་དང་སྡེ་ཚན་གཞན་དག་ནས། ནར་མ་སོན་པའི་གཞོན་ནུ་ལོ་ཆུང་ལ་བཙན་གཡེམ་ཕོག་སྐབས། སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་བཅས་ལ་གྱོད་དོན་གཏུགས་བཤེར་དང་ཐེར་འདོན་བྱེད་པའི་དབང་ཆ་ཡོད་ལ་འགན་འཁྲིའང་ཡོད། ནར་མ་སོན་པའི་གཞོན་ནུ་ལོ་ཆུང་ལ་བཙན་གཡེམ་བྱེད་མཁན་ཉེས་བསགས་པར་སྤྱིར་བཏང་བྱས་ན་ཁྲིམས་གཅོད་ནར་འགྱངས་མི་གཏོང་བར། ནར་མ་སོན་པའི་གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་བྱེད་ཆེད་ཁྲིམས་འགལ་ཉེས་བསགས་པ་སུ་ཡིན་རུང་བཙན་གནོད་བྱེད་མི་ཆོག་པའི་ཚད་གཞི་ནན་པོ་བཟོ་དགོས་པའི་གསལ་བཏོན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག