མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དབུ་འཛིན་ཞེས་པའི་དཔེ་དེབ་རྒྱ་ཡིག་ཏུ་བསྒྱུར་བའི་དཔེ་དེབ་ཀྱི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་པེ་ཅིན་དུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 09:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10པའི་ཚེས25ཉིན་གྱི་སྔ་དྲོ་ཧ་སག་ཁེ་སི་ཐན་གྱི་ཙུང་ཐུང་ནུའུ་ནཱ་བཀྲའར་པ་ཡེ་ཕུའུ་མི་རིགས་ཀྱི་དབུ་འཛིན་དང་སྤྱི་དམངས། མི་སྒེར་བཅས་ཡིན་པའི་ངོས་ནས་ཕྱོགས་མང་གི་མི་འཚེའི་ཇི་བཞིན་འགོད་པའི་ཟིན་ཐོ་སྟེ། དབུ་འཛིན་ཞེས་པའི་དཔེ་དེབ་རྒྱ་ཡིག་ཏུ་བསྒྱུར་བའི་དཔེ་དེབ་ཀྱི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་དེ་པེ་ཅིན་ཀྲུང་གོའི་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཞི་བདེའི་ཕོ་བྲང་དུ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ་དང་། དཔེ་དེབ་དེའི་རྩོམ་པ་པོ་ཧ་སག་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དབུ་བཞུགས་བློ་འདྲི་ཁ་སི་མུའུ་པའེ་ཁོ་ཕུའུ་ཡིས་ཆེད་མངག་ཀྲུང་གོར་ཕེབས་ནས་དབུ་འཛིན་ཞེས་པའི་རྒྱ་ཡིག་དཔར་མའི་མཛད་སྒོར་ཞུགས་ཡོད་པ་རེད།

ཀྲུང་གོར་བཅར་སྡོད་ཧ་སག་ཁེ་སི་ཐན་གྱི་གཞུང་ཚབས་ཆེ་མོ་བ་ཡེར་མེ་ཁེ་པ་ཡེ་ཕུའུ་དང་། ཧ་སག་ཁེ་སི་ཐན་རང་བཙན་ཚགས་པར་ཁང་གི་སྤྱི་འདོམས་པ་ཨ་པུའུ་ཏུའུ་ར་ཧོ་ནུའོ་ཕུའུ། ཀྲུང་གོའི་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལི་ཅན་ཕིང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ་ཀྲའོ་ཐའེ་ཇི། དེ་བཞིན་ཀྲུང་གོའི་ཧ་སག་རིགས་ཀྱི་འཐུས་མི་དང་འབྲེལ་ཡོད་སྨྱན་སྦྱོར། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་སྒྱུ་རྩལ་དང་ཚོང་ལས་ལས་རིགས་ཁག་གི་མི་དྲག་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

འགྲེམས་སྤེལ་གྱི་ཐོག་མའི་མཛད་སྒོ་དེ་སྤྲོ་སེམས་འཁོལ་ཞིང་འཆམ་མཐུན་གྱི་རྣམ་པའི་ཁྲོད་དུ་སྤེལ་བ་དང་། ཕྱོགས་གཉིས་པོས་ལྷག་བསམ་རྣམ་དག་གི་འབྲེལ་མཐུད་བྱས་ཁར། དབུ་འཛིན་ཞེས་པའི་རྒྱ་བསྒྱུར་མའི་དཔེ་དེབ་བདེ་བླག་ངང་འགྲེམས་སྤེལ་ཐུབ་ཅིང་། དེ་ནི་ཀྲུང་གོ་དང་ཧ་སག་ཁེ་སི་ཐན་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཡར་ཐོན་དང་ཀྲུང་གོ་དང་ཧ་སག་ཁེ་སི་ཐན་བར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྟན་ཞིང་མཛའ་མཐུན་གྱི་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏིང་ཟབ་ཏུ་གཏོང་རྒྱུའི་ངོས་འཛིན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག