མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་འདས་ཟིན་པའི་ལོ་གསུམ་ནང་ཚོང་ཟོག་རྫུན་མ་དང་སྤུས་ཞན་བྲིན་ཚོང་བྱེད་པའི་གྱོད་གཞི330900ཞིབ་བཤེར་རྩད་གཅོད་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 09:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཅུས་ཀྱི་ཅུས་ཀྲང་ཡང་ཧུང་ཚན་གྱིས་སྤྱི་ཟླ10བའི་ཚེས25ཉིན་གྱི་སྔ་དྲོ། སྤྱི་ལོ2010ལོ་ནས2012ལོ་བར་གྱི་ལོ་གསུམ་གྱི་དུས་ཚོད་ནང་། རྒྱལ་ཡོངས་བཟོ་ཚོང་ཁོངས་གཏོགས་ཀྱིས་ཁྱོན་ཚོང་ཟོག་རྫུན་མ་དང་སྤུས་ཞན་བྲིན་ཚོང་བྱེད་པའི་གྱོད་གཞི330900ཞིབ་བཤེར་ཐག་གཅོད་ཐུབ་ཡོད་པ་དང་། རིན་ཐང་སྒོར་དུང་ཕྱུར38.25ཟིན་གྱི་ཡོད་པ་རེད། གོམ་སྟབས་རྗེས་མར་བཟོ་ཚོང་ཚན་པས་འཛད་སྤྱོད་པའི་བཅའ་ཁྲིམས་གསར་པས་འཐེན་ཞིབ་དང་ཞིབ་དཔྱད་བྱ་རྒྱུའི་གཏན་འབེབས་ལ་གཞིགས་ནས། ད་ཡོད་ཀྱི་ཚོང་ཟོག་སྤུས་ཚད་ལ་འཐེན་ཞིབ་དང་། ཞིབ་དཔྱད་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ཚད་འཐེན་ཞིབ་དང་ཞིབ་དཔྱད་ལ་ཞབས་ཞུ་སྒྲུབ་པའི་འབྲེལ་ཡོད་ལམ་ལུགས་འཛུགས་རྒྱུར་ཞིབ་འཇུག་དང་འཚོལ་ཞིབ་བྱས་ཏེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག