མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱིས་རིམ་རྩིས་བྱས་ན་བུད་མེད་ལ་དངུལ་འབོར་ཉུང་བའི་ཁག་ཐེག་ནོར་སྲིད་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར1514.79གཤམ་སྤྲོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 09:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ2013ལོའི་དུས་ཚིགས་གཉིས་པའི་དུས་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་བུད་མེད་ཀྱི་དངུལ་བུན་ཉུང་བའི་ནོར་སྲིད་སྐྱེད་གསབ་དངུལ་བུན་སྒོར་དུང་ཕྱུར1514བཏང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་སྐྱེད་གསབ་དངུལ་སྒོར་དུང་ཕྱུར77བཏང་སྟེ། བུད་མེད་མིའི་ཐེངས་གྲངས་ས་ཡ3ལ་བྱ་གཞག་སྐྲུན་རྒྱུའི་མ་རྩའི་དངུལ་མཁོན་འདོན་བྱས་པ་དང་། བུད་མེད་ཁྲི་ཕྲག་མང་པོས་བྱ་གཞག་གསར་གཏོད་དང་ལས་ཞུགས་ཐུབ་རྒྱུར་སྐུལ་འཁྲིད་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དངུལ་རྩའི་ཉམས་ཉེན་ལས་བཟོས་པའི་བུད་མེད་ཀྱི་ལས་ཞུགས་གནོན་ཤུགས་ཆུང་དུ་གཏོང་བ་དང་། བུད་མེད་ལ་བྱ་གཞག་གསར་སྐྲུན་དང་ལས་ཞུགས་ཁྲོད་འཕྲད་པའི་མ་དངུལ་མི་འདང་བའི་དཀའ་ངལ་སེལ་ཆེད། སྤྱི་ལོ2009ལོར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གྲངས་འབོར་ཉུང་བའི་ཁག་ཐེག་དངུལ་བུན་གྱི་ནོར་སྲིད་སྐྱེད་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། བུད་མེད་ཀྱིས་བྱ་གཞག་གཏོད་རྒྱུ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་དང་། ཉེ་བའི་ལོ་ཤས་རིང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་བུད་མེད་ཀྱི་གྲངས་འབོར་ཉུང་བའི་ཁག་ཐེག་དངུལ་བུན་ལས་དོན་ལ་ཕན་འབྲས་མངོན་བསལ་དོད་པོ་ཐོབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག