མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་གྲོང་གསེབ་བུད་མེད་བྱེ་བ2.541ལ་སྐྲན་ནད་རིགས་གཉིས་ཞེས་པའི་སྨན་རིན་མི་དགོས་པའི་བརྟག་དཔྱད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 09:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཕྱོགས་ཁག་གི་འབད་བརྩོན་འོག་རང་རྒྱལ་གྱི་གྲོང་གསེབ་བུད་མེད་བྱེ་བ2.541ལ་སྐྲན་ནད་རིགས་གཉིས་ཞེས་པའི་སྨན་རིན་མི་དགོས་པའི་བརྟག་དཔྱད་བྱས་ཟིན་པ་དང་། དབུལ་ཕོངས་ཡིན་པ་གང་ཞིག་ནད་གཞི་ཕོག་པའི་བུད་མེད11000ཚང་མར་མི་རེར་ཆ་སྙོམས་སྨན་བཅོས་རོགས་སྐྱོར་སྒོར་ཁྲི1སྤྲད་ཡོད།

སྤྱི་ལོ2009ལོར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པ་དང་འཕྲོད་བསྟེན་པུས་ཐུན་མོང་ཐོག་གྲོང་གསེབ་བུད་མེད་ལ་སྐྲན་ནད་རིགས་གཉིས་ཞེས་པའི་སྨན་རིན་མི་དགོས་པའི་བརྟག་དཔྱད་རྣམ་གྲངས་ལག་བསྟར་བྱ་རྒྱུར་སྐུལ་མ་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར5.62གཤམ་སྤྲོད་བྱས་པ་དང་དེའི་ཁྲོད་ཀྲུང་དབྱང་ནོར་སྲིད་ནས་སྒོར་དུང་ཕྱུར3.55བཏང་ནས་གྲོང་གསེབ་བུད་མེད་བྱེ་བ1.269ཡི་བུ་སྣོད་ཀྱི་སྐྲན་ནད་ལ་སྨན་རིན་མི་དགོས་པའི་བརྟག་དཔྱད་བྱས་པ་དང་། བུད་མེད་ས་ཡ1.46ལ་ནུ་མའི་སྐྲན་ནད་ཀྱི་བརྟག་དཔྱད་བྱས་ཤིང་། ཚད་ལས་བརྒལ་བའི་སྒོ་ནས་ལོ་གསུམ་གྱི་དམིགས་འབེན་ལས་འགན་ལེགས་གྲུབ་ཟིན་པ་བྱས་ཡོད།

གྲོང་གསེབ་ཀྱི་ནད་ཕོག་པའི་དབུལ་ཕོངས་བུད་མེད་ཀྱི་སྨན་བཅོས་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཆེད། སྤྱི་ལོ2011ལོའི་ཟླ་བ4པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པས་དབུལ་ཕོངས་སྐྱེས་མའི་སྐྲན་ནད་རིགས་གཉིས་ཞེས་པའི་རོགས་སྐྱོབ་ཆེད་དོན་ཐེབས་རྩ་བཙུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག