མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐབས་དགུ་པའི་མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་གླེང་སྟེགས་ཀོང་ཤིའི་ནན་ཉིང་དུ་འཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 09:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཐུན་མོང་ཐོག་དར་རྒྱས་ཡོང་བའི་ཀྲུང་ཧྭ་ཞེས་པས་བརྗོད་དོན་གཙོ་བོ་བྱས་པའི་སྐབས་དགུ་པའི་མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་གླེང་སྟེགས་སྤྱི་ཚེས26ཉིན་གྱི་སྔ་དྲོ་ཀོང་ཤིའི་ནན་ཉིང་དུ་འཚོགས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཀྲུང་གོའི་གོ་མིན་ཏང་གི་མཚན་འཛིན་ཀྲུའུ་ཞི་ཝུ་པོ་ཞོང་གིས་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད།

ཡུས་ཀྲེང་ཧྲེང་གིས་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་ཐད་བསམ་འཆར་ཁག་བཞི་འདོན་གནང་ཡོད་པ་སྟེ། མཚོ་འགག་གཡས་གཡོན་གཉིས་ཀྱིས་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ། མི་རིགས་དར་རྒྱས་ཀྱི་གསར་གཏོད་ནུས་པ་གསོག་འཇོག་བྱེད་དགོས་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱིས་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་རིགས་དར་རྒྱས་ཡོང་བའི་དཔལ་འབྱོར་རྨང་གཞི་བརྟན་དུ་གཏོང་དགོས་པ། མཚོ་འགག་གཡས་གཡོན་གཉིས་ཀྱིས་རིག་གནས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཏེ། མི་རིགས་དར་རྒྱས་ཡོང་བའི་བསམ་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་བྱེད་དགོས་པ། མཚོ་འགག་གཡས་གཡོན་གཉིས་ཀྱིས་སློབ་གསོའི་སྤེལ་རེས་དང་མཉམ་ལས་དམ་ཟབ་བྱས་ཏེ། མི་རིགས་དར་རྒྱས་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་གསོ་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།

ཝུ་པོ་ཞོང་གིས་མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་གླེང་སྟེགས་ཀྱིས་སྔ་བར་ཕྱི་གསུམ་དུ་མཚོ་འགག་གཡས་གཡོན་གཉིས་བར་སྤེལ་རེས་དང་མཉམ་ལས་བྱེད་པའི་ཐད་སྲིད་ཇུས་སྔོན་ལ་ལག་བསྟར་བྱེད་པའི་གལ་ཆེའི་ནུས་པ་ཐོན་པ་བྱས་ཡོད་ཅིང་། ང་ཚོས་གླེང་སྟེགས་སྔར་ལས་ཡག་པ་གཉེར་དགོས་པ་མ་ཟད། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་འཕེལ་འགྲོ་རྒྱུར་མུ་མཐུད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག