མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གྲོང་ཁྱེར་དང་གྲོང་བརྡལ་ཅན་དུ་ལས་ཞུགས་ཐུབ་ཚད་མི་གྲངས་བྱེ་བ1.66ཟིན་ནས་ལོ་ཧྲིལ་པོའི་ལས་འགན་སྔ་སྣུར་དུ་ལེགས་གྲུབ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 09:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་དབྱི་ཁྲེང་ཅི་ཡིས། སྤྱི་ཟླ10བའི་ཚེས25ཉིན་ཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ད་ལོའི་སྤྱི་ཟླ1པོ་ནས9པའི་བར། གྲོང་ཁྱེར་དང་གྲོང་བརྡལ་དུ་གསར་དུ་ལས་ཞུགས་བྱེད་པའི་མི་གྲངས་བྱེ་བ1.66ཟིན་པ་དང་། ནམ་དུས་གསུམ་པའི་དུས་མཇུག་ཏུ་གྲོང་ཁྱེར་དང་གྲོང་བརྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད4.04%ཡན་ཞེས་ཅེས་གསུངས་པ་རེད། ལོ་སྟོད་ཀྱི་སྲིད་གཞུང་ལས་དོན་སྙན་ཞུར་གཞིགས་ན། རང་རྒྱལ་གྱི་ད་ལོའི་ལས་ཞུགས་ཀྱི་སྔོན་རྩིས་དམིགས་འབེན་ནི། གྲོང་ཁྱེར་དང་གྲོང་བརྡལ་དུ་མི་གྲངས་ས་ཡ9ཡན་ལས་ཞུགས་ཐུབ་པ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་བརྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད4.6%ལས་དམའ་བ་ཡོང་བ་བྱེད་ཀྱི་ཡིན་པ་རེད། མིག་སྔའི་དཔལ་འབྱོར་འཕར་ཚད་ཆག་པའི་རྒྱབ་ལྗོངས་འོག གྲོང་ཁྱེར་དང་གྲོང་བརྡལ་དུ་ལས་ཞུགས་ཐུབ་ཚད་སྔོན་རྩིས་ལས་བརྒལ་བ་ནི་ལས་སླ་པོར་བྱུང་བ་ཞིག་མ་རེད།

དབྱི་ཁྲེང་ཅི་ཡིས། གལ་འགངས་ཤིན་ཏུ་ཆེ་བ་ནི། སློབ་གྲྭ་ནས་ཁ་བྲལ་ནས་ལས་ཞུགས་མ་ཐུབ་པའི་སློབ་ཐོན་སློབ་མ་སྒྲིག་འཛུགས་བྱས་ནས། ལས་ཞུགས་ལྟ་སྦྱོང་དང་ལས་ཞུགས་གསོ་སྦྱོང་ནང་བཅུག་ནས། ལས་གནས་དང་འཚམ་པའི་ནུས་པ་མཐོ་རུ་བཏང་ནས། ལས་ཞུགས་གོ་སྐབས་སྔར་བས་མང་བ་ཐོབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག