མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ལོ20ཡི་ནང་ཐེངས་དང་པོར་བཟོ་བཅོས་བརྒྱབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-27 09:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས25ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཕེན་ཤོག་མང་བའི་ཐོག་ནས་བཟོ་བཅོས་རྒྱབ་པའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་ཡོད། དེ་ནི་བཅའ་ཁྲིམས་དེ་སྤྱི་ལོ1993ལོར་ཁྱབ་བསྒྲགས་བྱས་རྗེས་ཀྱི་བཟོ་བཅོས་རྒྱག་ཐེངས་དང་པོ་དེ་ཡིན་པ་མ་ཟད། བཟོ་བཅོས་རྒྱག་པའི་ནང་དོན་མང་ཤོས་ཡིན་པ་རེད། བཟོ་བཅོས་རྒྱབ་པའི་བཅའ་ཁྲིམས་དེ་སྤྱི་ལོ2014ལོའི་སྤྱི་ཟླ3པའི་ཚེས15ཉིན་གྱི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཉིན་མོར་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དམངས་དོན་བཅའ་ཁྲིམས་ཁང་གི་ཀྲུའུ་རེན་ཅ་ཏུང་མིང་གིས། དྲ་ཐོག་བྲིན་འཚོང་གི་ཉོ་ཚོང་གྲངས་འབོར་དང་དྲ་ཐོག་སིལ་ཚོང་གི་ཉོ་ཚོང་གྲངས་འབོར་གཉིས་ཁག་སོ་སོར་སྤྱི་ལོ2006ལོའི་སྒོར་དུང་ཕྱུར263ནས་སྤྱི་ལོ2012ལོའི་སྒོར་དུང་ཕྱུར13000ཟིན་ནས། ལོ་དྲུག་རིང་ལྡབ48འཕར་ཡོད་ཅེས་ངོ་སྤྲོད་བྱས་ཡོད། ཕྱོགས་གཞན་ཞིག་གི་ཐད། སྤྱི་ལོ2012ལོར་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པའི་ཞུ་གཏུག་བྱེད་ཚད་དེ་རྒྱལ་ཡོངས་བྲིན་འཚོང་ཞབས་ཞུའི་ཞུ་གཏུག་བྱེད་པའི་གྲངས་ཚད་ཀྱི་ཕྱེད་ཀ་ཡན་བཟུང་ཡོད་པ་རེད།

འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གསར་པའི་ནང་ད་དུང་ཁྲིམས་འགལ་ཐོག་ཁེ་གཉེར་བྱེད་པར་ཆད་པ་སྤྱོད་ཤུགས་ཆེ་རུ་བཏང་ཡོད།

འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་གསར་པས་འཛད་སྤྱོད་པའི་སྒྲིག་འཛུགས་ལ་སྤྱི་ཕན་ཞུ་གཏུག་རྒྱབ་པའི་དབང་ཆ་སྤྲད་ཡོད་པས། འཛད་སྤྱོད་པའི་མཐུན་ཚོགས་སྒྲིག་འཛུགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པའི་ཚབ་བྱས་ནས་ཁེ་དབང་སྲུང་སྐྱོབ་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་ཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག