མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ལེ་ཐན་ཧུའུ་ཡ་ཀི་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-26 11:29


ཟླ10བའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ལེ་ཐན་ཧུའུ་ཡ་ཀི་དང་གྲོས་མོལ་མཛད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས25ཉིན་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ལེ་ཐན་ཧུའུ་ཡ་ཀི་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་མོང་གོལ་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོས་དུས་དང་རྣམ་པ་ཀུན་དུ་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་བསྐྱོད་པ་རྒྱུན་འཁྱོངས་བྱེད་རྒྱུ་དང་ཁྱིམ་མཚེས་མཛའ་མཐུན་གྱི་ཕྱི་འབྲེལ་བྱེད་ཕྱོགས་ལག་བསྟར་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་གོ་གནས་གལ་ཆེན་འཇོག་པ་དང་ས་གནས་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་མ་ཟད། མོང་གོལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཨ་ལེ་ཐན་ཧུའུ་ཡ་ཀི་ཡིས་བཤད་རྒྱུར། ཀྲུང་གོའི་ཁྱིམ་མཚེས་མཛའ་མཐུན་སྲིད་ཇུས་ཀྱིས་མཐའ་འཁོར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཆ་རྐྱེན་བཟང་བོ་སྐྲུན། མོང་གོལ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཉོ་ཚོང་དང་ནུས་ཁུངས། དངུལ་ལོར། ཞིང་ཕྱུགས་ལས། མི་གཞུང་སོགས་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་ཡུན་རིང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ནས། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ལེ་ཐན་ཧུའུ་ཡ་ཀི་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བར་བསུ་བ་བྱས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག