མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས་སྤྱི་ཟླ10བའི་ཚེས24ཡི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ནོར་སྲིད་ཚན་རྩལ་མ་དངུལ་བགོ་བཤའ་དང་བཀོལ་སྤྱོད་བྱས་པའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་དང་འབྲེལ་ནས་ཆེད་དོན་འདྲི་ཞིབ་བྱས། ནོར་སྲིད་ཚན་རྩལ་མ་དངུལ་ནི་ཚན་རྩལ་གསར་གཏོད་ཀྱི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ཞི་བདེ་གཏན་འཇགས་ཐད་ལ་འབྲེལ་བ་དམ་པོ་ཡོད། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་ནོར་སྲིད་ཚན་རྩལ་མ་དངུལ་བགོ་བཤའ་དང་བཀོལ་སྤྱོད་བྱས་པའི་གནས་ཚུལ་གྱི་འབྲེལ་ཡོད་སྙན་ཞུར་གྲོས་ཞིབ་བྱས།

ཆེད་དོན་འདྲི་ཞིབ་ཁྲོད་ནས་ཨུ་ཡོན་རྣམས་ཀྱིས་ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་ཁེ་ལས་ལ་སྐུལ་འདེད་བཏང་ནས་ཇི་ལྟར་ཚན་རྩལ་གསར་གཏོད་ཀྱི་སྲོག་ཤིང་དུ་འགྱུར་བར་བྱེད་པའི་གནད་དོན་དང་། དཔལ་འབྱོར་དང་ཚན་རྩལ་ཕན་ཚུན་སོ་སོར་འགྲོ་བའི་གནད་དོན་ཇི་ལྟར་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་པ་སོགས་གནད་དོན་ལ་ཆེད་དུ་བསམ་འཆར་བཏོན་པར་མ་ཟད་འདྲི་ཞིབ་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར་ཚན་རྩལ་པུའུ་དང་བཟོ་ལས་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རང་བྱུང་ཚན་རིགས་ཐེབས་རྩ་ཚོགས་པ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་ལ་ཉན་པ་དང་འདྲི་ཞིབ་ལ་ལན་བཏབས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག