མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་ཞིང་ཆེན་རིམ་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་གྲོན་དངུལ་སྣ314མེད་པར་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས24ཉིན་གསར་འགོད་པས་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་ཆེད། ཉེ་ལམ། ནོར་སྲིད་པུའུ་ཡིས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་མཉམ་དུ་བརྡ་ཐོ་བཏང་སྟེ། 2013ལོའི་སྤྱི་ཟླ11པའི་ཚེས1ཉིན་ནས་བཟུང་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོས་གཏན་འཁེལ་བྱས་པའི་སྲིད་འཛིན་ལས་དོན་རང་བཞིན་གྱི་གྲོན་དངུལ་སྣ314མེད་པར་གཏོང་རྒྱུ་ཐག་བཅད།

ནོར་སྲིད་པུའུ་དང་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བལྟས་ན། སྲིད་འཛིན་ལས་དོན་རང་བཞིན་གྱི་གྲོན་དངུལ་སྔར་ལས་གཙང་སེལ་དང་ཚད་ལྡན་དུ་བཏང་ན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་ཡོང་སྒོ་བགོ་བཤའི་ལམ་ལུགས་ཚད་ལྡན་དུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་པ་བཅས་ལ་ཕན་པ་ཡོད་ལ། ཁེ་ལས་དང་སྤྱི་ཚོགས་ཀྱི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏོང་བ་དང་། ཁེ་ལས་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་པ། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད་པར་སྙམ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག