མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་འཇར་མན་གྱི་རྒྱལ་ས་པའོ་ལིན་ནས་བསྡུས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2013ལོའི་འཇར་མན་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་དང་གངས་ལྗོངས་གཟི་ཉམས་ཞེས་པའི་པར་རིས་ཐང་ཀ་འགྲེམ་སྟོན་ས་དེའི་དུས་ཚོད་སྤྱི་ཟླ10བའི་ཚེས23ཉིན་གྱི་དགོང་མོར་འཇར་མན་གྱི་རྒྱལ་ས་པའོ་ལིན་ནས་གཟབ་རྒྱས་ངང་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གློག་འཕྲིན་བཏང་སྟེ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཡུས་ཀྲིན་ཧྲིན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། བོད་ལྗོངས་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། ཐེངས་འདིའི་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར་ཞེས་པ་དེས་ཕུན་སུམ་ཚོགས་པའི་རིག་གནས་བརྗེ་རེས་བྱ་འགུལ་སྤེལ་ཏེ། བོད་ལྗོངས་ཀྱི་རང་བྱུང་ཡུལ་ལྗོངས་དང་། སྲོལ་རྒྱུན་རིག་གནས། སྤྱི་ཚོགས་ཀྱི་འགྱུར་ལྡོག མི་རྣམས་ཀྱི་བསམ་པའི་རྣམ་པ་སོགས་གང་ལེགས་སྒོས་ངོམ་པར་བྱས་ཏེ། འཇར་མན་མི་དམངས་ཀྱིས་བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་གྱི་གནས་ཚུལ་ཐད་ཀར་ཉམས་སུ་མྱོང་བར་མ་ཟད། བོད་ལྗོངས་མི་དམངས་ཀྱི་གཟི་བརྗིད་དང་ཕུགས་འདུན་ཉམས་སུ་མྱོང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག