མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ན་གཞོན་ཆབ་སྲིད་པའི་གླེང་སྟེགས་པེ་ཅིན་ནས་མཇུག་རྫོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-25 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས24ཉིན། སྲོལ་རྒྱུན་མཛའ་བཤེས་རྒྱུད་འཛིན་དང་མཉམ་ལས་དང་འཕེལ་རྒྱས་ལ་རྒྱང་ལྟ་བྱེད་དགོས་ཞེས་པ་ནང་དོན་གཙོ་བོ་ཡིན་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་གྱི་ན་གཞོན་ཆབ་སྲིད་པའི་གླེང་སྟེགས་པེ་ཅིན་ནས་མཇུག་རྫོགས།

ཉིན་གཉིས་ཀྱི་རིང་ལ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་གསུམ་གྱི་ཕུལ་བྱུང་ན་གཞོན་ཚོས་གླེང་སྟེགས་ཀྱི་ནང་དོན་གཙོ་བོར་དམིགས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བློ་འདོན་ཇུས་འབུལ་བྱས་པར་མ་ཟད། ན་གཞོན་ཆབ་སྲིད་པའི་རྒྱལ་ཁབ་འཕེལ་རྒྱས་ཁྲོད་ཀྱི་ལོ་རྒྱུས་ཀྱི་ལས་འགན་དང་སྤྱི་ཚོགས་ཀྱི་འགན་འཁྲི་བགྲོ་གླེང་བྱས། ཚོགས་ཞུགས་འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གོ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་སྔར་མེད་པའི་གོ་སྐབས་བཟང་བོ་འཕྲད་པས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་པར་སྙམ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག