མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁ་སྣུམ་ཞིང་ནས2012ལོའི་ལོ་མཇུག་བར་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར10.46ཙམ་ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-25 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁ་སྣུམ་ཞིང་ནི་རང་རྒྱལ་གྱི་རྡོ་སྣུམ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཨང་གཉིས་པ་ཡིན་པ་དང་། སྤྱི་ལོ2012ལོའི་ལོ་མཇུག་བར་རགས་རྩིས་བྱས་ན་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར10.46ཟིན་པ་དང་སྣུམ་རླངས་ཐོན་སྐྱེད་བྱས་པ་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར551.77ཟིན་ཡོད། འོན་ཀྱང་སྣུམ་ཞིང་གསར་སྤེལ་བྱས་པ་དེས་ཆུ་སྙིགས་དང་། རླུང་སྙིགས། སྙིགས་རོ་སོགས་སྦགས་བཙོག་དངོས་པོ་ཐོན་རྒྱུ་ལས་གཡོལ་ཐབས་བྲལ་བ་རེད། ཡིན་ནའང་རྒྱལ་ཁ་སྣུམ་ཞིང་གིས་སྙིགས་རོ་སར་མི་ལྷུང་བ་དང་། ཆུ་སྙིགས་ཕྱིར་མི་རྒྱུག་པ། རླུང་སྙིགས་མཁར་མི་འཕྱུར་བ་བཅས་མངོན་འགྱུར་ཐུབ་ཡོད།

འཚོལ་ཞིབ་དང་གསར་སྤེལ་བྱེད་པའི་བརྒྱུད་རིམ་ནང་དུ་ཐོན་པའི་སྣུམ་དྲེག་ནི་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་ཉེན་ཆེའི་སྙིགས་རོ་ཆེན་པོ་ཞིག་ཡིན། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་རྒྱལ་ཁ་སྣུམ་ཞིང་གི་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཧུང་ཧྲན་གྱིས། ཉེ་བའི་ལོ་ཤས་རིང་རྒྱལ་ཁ་སྣུམ་ཞིང་གི་སྣུམ་དྲེག་བསྲེག་ཡུལ་སྒྲིག་ཆས་གཅིག་དང་། སྲ་འགྱུར་བསྲེག་ཡུལ་སྒྲིག་ཆས་གཅིག སྦགས་བཙོག་སྣུམ་དྲེག་བེད་མེད་ཕྱིར་བསྡུ་བྱེད་གནས་གཉིས། བྱེ་རྡོག་གཙང་སེལ་སྒྲིག་ཆས་ལྔ་བཅས་བསྐྲུན་པ་དང་། ཆ་སྦྱོར་སྒྲིག་ཆས་སྣུམ་དྲེག་བྱེ་རྡོག་གསོག་ཉར་བྱེད་རྫིང36བསྐྲུན་ནས་ལོ་རེར་གསར་དུ་ཐོན་སྐྱེད་བྱས་པའི་སྣུམ་དྲེག་བྱེ་རྡོག་ཡོངས་རྫོགས་ཐག་གཅོད་འོས་འཚམས་ཐུབ་རྒྱུ་དང་། ཉེན་ཆེའི་ཕན་མེད་དངོས་རྫས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ཚད100%འགན་ལེན་ཐུབ་པ་བྱས་ཡོད་ཅེས་གསུང་བ་རེད།

ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་རྒྱལ་ཁ་སྣུམ་ཞིང་གི་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སུན་ཧོན་ཇོན་གྱིས། སུ་ཞིག་གིས་སྦགས་མེད་ཐན་ཉུང་གོང་འཕེལ་མངོན་འགྱུར་ཐུབ་ཚེ། ས་ཞིག་ལ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་གནས་ས་མཐོ་ཤོས་ཐོབ་ཐུབ། ཀྲུང་དབྱང་ཁེ་ལས་ཡིན་པའི་ངོས་ནས་རྒྱལ་ཁ་སྣུམ་ཞིང་གིས་རྒྱལ་ཁབ་ནུས་ཁུངས་བདེ་འཐག་ལ་འགན་ལེན་ཐུབ་རྒྱུའི་གྲལ་འགོར་སླེབས་པ་བྱེད་རྒྱུ་མ་ཟད། ད་དུང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལག་ལེན་ནང་སྣེ་བཤན་པ་བྱེད་རྒྱུ་ཡིན་ཞེས་གསུངས་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག