མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དགུན་དཔྱིད་དུས་ཚིགས་གཉིས་ཀྱི་ཞིང་ནང་ཆུ་བེད་རྨང་གཞིའི་འཛུགས་སྐྲུན་ཐད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-25 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དགུན་དཔྱིད་དུས་ཚིགས་གཉིས་ཀྱི་ཞིང་ནང་ཆུ་བེད་རྨང་གཞིའི་འཛུགས་སྐྲུན་ཐད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཞིང་ལས་བརྟན་པོའི་ངང་གོང་འཕེལ་དང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་ཡིན། བསྒྱུར་བཅོས་སྔར་བས་གཏིང་ཟབ་དང་སྒྲིག་གཞི་འཐུས་ཚང་། ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་འཛུགས་སྐྲུན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་། འབྲུབ་འགོག་བདེ་འཇགས། འཐུང་ཆུའི་བདེ་འཇགས། སྐྱེ་ཁམས་བདེ་འཇུག་བཅས་ལ་ནུས་ལྡན་གྱི་འགན་སྲུང་བྱེད་དགོས་ཞེས་དང་།

ཁོང་གིས། འབྲུ་རིག་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་དང་གནས་སྐབས་གསོག་འཇོག་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས། སྟོན་འབྲུའི་ཉོ་སྒྲུབ་ལེགས་པོ་བྱེད་དགོས་པ་དང་། སྟོན་དུས་དང་དགུན་དུས་དུས་ཚིགས་གཉིས་ཀྱི་ཞིང་ལས་ཐོན་སྐྱེད་ལ་སྐུལ་འདེད་ཏན་ཏིག་བཏང་ཐོག སྲོག་ཆགས་ཀྱི་ནད་ཡམ་སྔོན་འགོག་ཚོད་འཛིན་དང་། ནགས་ཚལ་དང་རྩ་ཐང་གི་མེ་ཟོན་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་ལས་དང་གྲོང་གསེབ་ཀྱི་བསྒྱུར་བཅོས་གོང་འཕེལ་ཁྲོད་ལྷག་འདས་པའི་གནད་དོན་གསར་པ་ཐག་གཅོད་དང་ཞིབ་འཇུག་ནན་ཏན་བྱས་ཏེ། ཞིང་ལས་བརྟན་པོའི་ངང་གོང་འཕེལ་དང་ཞིང་པར་རྒྱུན་མཐུད་ངང་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག