མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ9བའི་བར་རྒྱལ་ཡོངས་ཀྱི་གྲོང་བརྡལ་དུ་ལས་ཞུགས་གསར་སྣོན་ཐུབ་པ་མིའི་ཐེངས་གྲངས་བྱེ་བ1.66མངོན་འགྱུར་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-25 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་གསལ། ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ9པའི་བར་རྒྱལ་ཡོངས་ཀྱི་གྲོང་བརྡལ་དུ་ལས་ཞུགས་གསར་སྣོན་ཐུབ་པ་མིའི་ཐེངས་གྲངས་བྱེ་བ1.66མངོན་འགྱུར་བྱུང་བས། སྔ་སྣུར་དུ་ལོ་འགོར་གཏན་འཁེལ་བྱས་པའི་ལོ་ཧྲིལ་པོར་གྲོང་བརྡལ་དུ་ལས་ཞུགས་བྱེད་པ་མིའི་ཐེངས་གྲངས་ས་ཡ9ཡན་ཟིན་པ་བྱེད་རྒྱུའི་དམིགས་འབེན་མངོན་འགྱུར་ཐུབ་ཡོད།

ལས་ཞུགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དེས་དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་དང་དཔལ་འབྱོར་གྲུབ་ཆ་ལེགས་འགྲིག་ལ་སོགས་པའི་ཕྱོགས་མང་པོའི་ཐད་ཀྱི་རྒྱུ་རྐྱེན་ལ་ཕན་པ་ཐོབ་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དུས་མཚུངས་དང་བསྡུར་ན་འཕར་ཚད7.7%ཟིན་པ་དང་། ཐོན་ལས་གསུམ་པ་དུས་མཚུངས་དང་བསྡུར་ན8.4%འཕར་སྣོན་བྱུང་བས་ཐོན་ལས་དང་པོ་དང་གཉིས་པ་དང་སྤྱིའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་ཚད་ལས་མཐོ་བ་ཡོད་པས་ལས་ཞུགས་བྱེད་རྒྱུར་སྐུལ་འཁྲིད་ནུས་ལྡན་ཐུབ་ཡོད། དེ་མིན་ད་ལོ་ནས་བཟུང་སྲིད་གཞུང་མཁོ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་པ་དང་ཁྲོམ་རར་ཐེ་ཞུགས་བྱེད་རྒྱུ་ཉུང་གཏོང་བྱེད་པ་སོགས་ཞི་ལྷོད་དུ་གཏོང་བའི་བསྒྱུར་བཅོས་ཁེ་སྤོགས་སྲིད་ཇུས་རབ་དང་རིམ་པ་བཏོན་པས་སྲིད་ཇུས་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐད་ལ་ནུས་པ་སྔར་བས་འདོན་སྤེལ་ཐུབ་ཡོད་པ་དང་། ལས་ཞུགས་འབོར་ཆེན་བསྡུ་ལེན་བྱས་ཏེ་ལས་ཞུགས་བྱེད་ཡུལ་གཙོ་བོའི་མང་ཚོགས་བརྟན་པོའི་ངང་ལས་ཞུགས་ཐུབ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག