མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:22

132824660_41n.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས23ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས23ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུང་རྒྱུར། དེང་སྐབས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ཕྱོགས་ཡོངས་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པར་མ་ཟད་འཕེལ་རིམ་གསར་བའི་ཐབས་ལམ་དུ་བསླེབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་གོ་སྐབས་དམ་འཛིན་དང་དཀའ་ཁག་ཁྱད་བསལ་བྱེད་པ་དང་། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་ཞི་བའི་འཕེལ་རྒྱས་དང་མཉམ་ལས་འཕེལ་རྒྱས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་བཅས་མངོན་འགྱུར་བྱས་ནས། ཀྲུང་གོ་དང་རྒྱ་གར་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  ཞིན་ཀི་ཡིས་བཤད་རྒྱུར། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་དང་མི་གཞུང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་ཞིང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བར་མ་ཟད། མཛའ་མཐུན་གྲོས་མོལ་ལ་བརྟེན་ནས་འགལ་བ་སྣ་ཚོགས་ཐག་གཅོད་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག