མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་སྟེང་གནད་དོན་རྩད་གཅོད་པ་དང་ལྟ་སྐུལ་མཛུབ་སྟོན་བྱ་བ་བཟང་བོར་བསྒྲུབ་དགོས་པར་ནན་བཤད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:22

0.jpg

  སྤྱི་ཟླ10བའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཆི་ཧྲན་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཆི་ཧྲན་གྱིས་སྤྱི་ཟླ10བའི་ཚེས23ཉིན་ཀྲུང་དབྱང་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྐོར་ཞིབ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུང་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་དམ་པོར་དམིགས་ཏེ། ད་ལོའི་སྐོར་གཉིས་པའི་སྐོར་ཞིབ་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་གསུངས།

  ཝང་ཆི་ཧྲན་གྱིས་གསུང་རྒྱུར། སྐོར་གཉིས་པའི་སྐོར་ཞིབ་བྱ་བས་ཕྱོགས་བཞིའི་བྱ་བ་གཙོ་བོར་དམིགས་ཏེ། གནད་དོན་རྩད་གཅོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་སྐྲུན་བྱས་ནས། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། ཁྱད་པར་དུ་མགོ་ཁྲིད་པ་དང་པོ་བཅས་ལ་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། སྐོར་ཞིབ་བྱ་བ་མུ་མཐུད་བཟང་བོར་སྒྲུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག