མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཤིན་ཅང་དུ་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར5700ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-24 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཤིན་ཅང་དུ་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར5700ཟིན་པས་ལོ་གོང་མའི་དུས་མཚུངས་དང་བསྡུར་ན10.8%འཕར་ཡོད་ཅིང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དགུ་པར་སླེབས་ཏེ་ལོ་ངོ22རིང་གི་ཟིན་ཐོ་གསར་པ་གཏོད་ཡོད། རིགས་གཅིག་མཁས་པས་དབྱེ་ཞིབ་བྱས་ནས་ཤིན་ཅང་གི་རྒྱལ་དམངས་དཔལ་འབྱོར་འཕར་སྣོན་བྱུང་བ་དེས་གཙོ་བོ་དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ལེགས་སྒྲིག་ཡོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཞིང་ལས་ཐད་ཤིང་ཏོག་རིགས་ཀྱི་བསྡུར་གྲངས་དེ་ཉིན་རེར་འཕར་སྣོན་འགྲོ་བཞིན་པ་དང་བཟོ་ལས་ཐད་རྡོ་སྣུམ་མིན་པའི་བཟོ་ལས་ཀྱིས་གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས་ཀྱི་བསྡུར་གྲངས55%ལས་བརྒལ་བ། སྤྱི་ལ་དབང་བ་མ་ཡིན་པའི་འཕར་ཚད་དེ་མུ་མཐུད་དེ་གཞུང་ལ་དབང་བའི་དཔལ་འབྱོར་ལས་བརྒལ་བཟོ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག