མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་དང་གསུང་གླེང་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-24 11:17

111.jpg

  སྤྱི་ཟླ10བའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་ནན་ཧེ་ནས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་དང་གསུང་གླེང་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གསུང་གླེང་མཛད་པར་ཞུགས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས23ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ནས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་དང་གསུང་གླེང་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གསུང་གླེང་མཛད་པར་ཞུགས།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལིས་ཅན་གོ་ཡིས་གསུང་གླེང་ལ་མགོ་འཛིན་མཛད། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཁྲིན་ཧའོ་ཡིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཚབ་བྱས་ཏེ་ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་པའི་གནས་ཚུལ་དང་མ་འོངས་བའི་ལོ་ལྔའི་བཟོ་ཚོགས་བྱ་བའི་བསམ་ཕྱོགས་ཡར་ཞུ་བྱས་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་གཏམ་བཤད། ཞི་ཅིན་ཕེན་གྱིས་ཁོ་ཚོའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཚོགས་ཆེན་བདེ་བླག་ངང་ཚོགས་པ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་ལ་རྟེན་འབྲེལ་ཞུས་པར་མ་ཟད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་བའི་འཚམས་འདྲི་མཛད།

  ཞི་ཅིན་ཕེན་གྱིས་གསུང་རྒྱུར། རང་རྒྱལ་བཟོ་བའི་འགུལ་སྐྱོད་ཀྱི་དུས་རབས་བརྗོད་དོན་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་རྒྱུ་དེ་ཡིན། བཟོ་ཚོགས་ཀྱིས་བརྗོད་དོན་དེ་དམ་འཛིན་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བརྟན་འཇགས་ཁྲོད་ཀྱི་བརྩོན་ལེན་མངོན་འགྱུར་བྱེད་རྒྱུ་དེ་ནུས་པ་འདོན་པའི་གཡུལ་ས་གཙོ་བོར་འཇོག་པ་དང་། རྣམ་པ་གསར་བའི་འོག་ཏུ་ལས་བཟོ་བ་དང་མང་ཚོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་ལས་བཟོ་བ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་སྐྲུན་རང་བཞིན་ལ་སྐུལ་སློང་བྱེད་རྒྱུ་དེ་ལས་འགན་གལ་ཆེན་དུ་འཇོག་དགོས་ལ། ཏང་གིས་སྲིད་སྐྱོང་བའི་གྲལ་རིམ་རྨང་གཞི་དང་མང་ཚོགས་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ཏེ། ལས་བཟོ་བ་དང་མང་ཚོགས་ལ་ཞབས་ཕྱི་བཟང་བོ་བསྒྲུབ་པ་དང་། ལས་བཟོ་བ་དང་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་ནས་མུ་མཐུད་དུ་བཟོ་ཚོགས་རྩ་འཛུགས་ལ་གསོན་ཤུགས་གསར་བ་རྒྱས་སུ་འཇུག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག