མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་གཞོན་ནུ་ཆབ་སྲིད་མཁས་པའི་གླེང་སྟེགས་པེ་ཅིན་དུ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-24 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་གཞོན་ནུ་ཆབ་སྲིད་མཁས་པའི་གླེང་སྟེགས་སྤྱི་ཟླ10བའི་ཚེས23ཉིན་པེ་ཅིན་དུ་འགོ་ཚུགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ཝང་ཅ་རུའེ་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གསུང་གནང་བ་དང་། ཁོང་གིས་གཞོན་ནུས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འབྱུང་འགྱུར་མཚོན་ཐུབ་པ་དང་། ཕྱོགས་གཉིས་པོའི་ཕུལ་བྱུང་གཞོན་ནུས་དེ་བས་ཡར་ཐོན་དང་། ཁོག་ཡངས། སྦ་གསང་མེད་པ་བཅས་ཀྱི་རྣམ་འགྱུར་ཐོག་ནས་གླེང་སྟེགས་ཀྱི་སྟེགས་བུ་དེ་བེད་སྤྱོད་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་འབྲེལ་བའི་རྣམ་པ་གསར་པ་གཏོད་ཆེད་བསམ་བློ་དང་བློ་རིག་ལེགས་སྐྱེས་སུ་འབུལ་དགོས་པའི་ཐུགས་རེ་བཏོན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག