མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ནོར་སྲིད་ཚན་རྩལ་གྱི་གཏོང་སྒོ་ལོ7ལ་རིམ་བརྩིས་བརྒྱབ་ན་སྒོར་དུང་ཕྱུར24200ཟིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-24 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ10བའི་ཚེས22ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ནོར་སྲིད་ཚན་རྩལ་དངུལ་བགོ་འགྲེམ་དང་བེད་སྤྱོད་གནས་ཚུལ་སྐོར་ལ་བྱས་པའི་སྙན་ཞུ་གསན་སྐབས། ཉེ་ལམ་ལོ་ཤས་རིང་ནོར་སྲིད་ཚན་རྩལ་མ་དངུལ་མ་འཇོག་བརྟན་པོ་དང་འཕར་སྣོན་སྒྲིག་གཞི་རིམ་བཞིན་བཙུགས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ནོར་སྲིད་ཚན་རྩལ་གཏོང་སྒོ་དེ་སྤྱི་ལོ2006ལོའི་སྒོར་དུང་ཕྱུར1688.5ནས་སྤྱི་ལོ2012ལོའི་སྒོར་དུང་ཕྱུར5600.1བར་མང་དུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།

སྙན་ཞུའི་ནང་། ནོར་སྲིད་མ་འཇོག་གི་སྐུལ་ཁྲིད་འོག སྤྱི་ལོ2012ལོར་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟ་གོང་འཕེལ་ཐད་གཏོང་སྒོ་སྒོར་དུང་ཕྱུར10000ལས་བརྒལ་ཡོད་པ་དེ་སྤྱི་ལོ2006ལོའི་ལྡབ3.4ཙམ་ཟིན་ཡོད་པ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད་ནང1.98%ཟིན་ཡོད། ཕྱོགས་ཁག་གིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ཉེ་ལམ་ལོ་ཤས་རིང་རང་རྒྱལ་གྱི་ཚན་རྩལ་དངོས་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་དང་། གསར་གཏོད་ཀྱི་ནུས་པ་སྤྱི་ཡོངས་ནས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཐོག་ཡོངས་བསྒྲགས་བྱས་པའི་འཛམ་གླིང་ཧྲིལ་པོའི་འགྲན་རྩོད་ནུས་པའི་སྙན་ཞུར་གཞིགས་ན། རང་རྒྱལ་གྱི་རྒྱལ་ཁབ་གསར་གཏོད་ནུས་པའི་འབངས་གྲལ་དེ་སྤྱི་ལོ2006ལོའི་འཛམ་གླིང་གི་ཨང48པ་ནས་སྤྱི་ལོ2012ལོའི་ཨང26པ་བར་འཕར་ཡོད་ཅེས་འཁོད་ཡོད་པ་རེད།

ཞིབ་འཇུག་དང་ཚོད་ལྟ་གོང་འཕེལ་གྱི་འགྲོ་གྲོན་གྱིས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་ཐོག་ནས་སྲིད་གཞུང་དང་ཁེ་ལས་ཀྱིས་རང་བརྟེན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པ་མངོན་ཡོད་པ་རེད། རང་རྒྱལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཅིག་པའི་རྩ་གནད་ལ་གཞིགས་ན། བསྡུར་ཚད་དེ་སྤྱི་ལོ2010ལོར་སླེབས་སྐབས2%ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག