མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱང་གིས་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་བཟོ་ཚོང་ལས་རིགས་ཀྱི་འགོ་གཙོའི་གླེང་སྟེགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-24 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་སྤྱི་ཟླ10བའི་ཚེས22ཉིན་གྱི་ཕྱི་དྲོ་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་བཟོ་ཚོང་ལས་རིགས་ཀྱི་འགོ་གཙོའི་གླེང་སྟེགས་ལ་ཞུགས་ཡོད་པ་མ་ཟད། འགོ་བརྗོད་དུ་ཀྲུང་གོ་དང་ཨུ་རུ་སུའི་དངོས་སྒྲུབ་མཉམ་ལས་ཀྱི་གནས་བབ་གསར་པ་མཉམ་དུ་གཏོད་པ་ཞེས་པའི་གཏམ་བཤད་སྤེལ་ཡོད་པ་རེད།

ཝང་དབྱང་གིས་ཀྲུང་གོ་དང་ཨུ་རུ་སུའི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུའི་ཐད་གྲོས་འགོ་ཁག་བཞི་བཏོན་ཡོད་དེ། གཅིག་ནི་ཉོ་ཚོང་གྲུབ་ཆ་ལེགས་བསྒྱུར་དང་། གཉིས་ནི་ཕན་ཚུན་མ་འཇོག་བྱ་རྒྱུར་སྐུལ་འདེད་བཏང་ནས་མ་འཇོག་ཁོར་ཡུག་ལེགས་བཅོས་ཏན་ཏིག་བྱ་རྒྱུ། གསུམ་ནི་ཚན་རྩལ་ལས་དོན་གཏིང་ཟབ་སྤེལ་ནས་ཚན་རྩལ་གསར་གཏོད་ཀྱི་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་རྒྱུ། བཞི་ནི་ས་གནས་མཉམ་ལས་རྒྱ་སྐྱེད་བཏང་ནས་རྒྱལ་ཁོངས་ལས་བརྒལ་བའི་སྣུམ་རླངས་སྦུགས་ལམ་དང་། རྒྱལ་ཁོངས་ལས་བརྒལ་བའི་ལམ་དང་ཟམ་པ། གློག་འཕྲིན་འོད་ཁྲིད་ཚི་སྐུད། གློག་གཏོང་སྦུགས་ལམ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས། དྲ་སྦྲེལ་འཕྲིན་སྦྲེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག