མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་སྲིད་པུས་ས་གནས་ཁག་གིས་སྤྱི་ཚོགས་ཀྱི་རོགས་སྐྱོབ་ལྟ་སྐུལ་ཞིབ་བཤེར་གྱི་ཕུགས་ཕན་སྒྲིག་གཞི་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བླང་བྱ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-24 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུས་ཉིན་ཤས་གོང་བརྡ་ཐོ་བཏང་ནས། ས་གནས་ཁག་གིས་སྤྱི་ཚོགས་རོགས་སྐྱོབ་ལྟ་སྐུལ་ཞིབ་བཤེར་གྱི་ཕུགས་ཕན་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་ནས་འགོ་བཙུགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་། གྲོང་གསེབ་ཀྱི་འགན་ལེན་ལྔ། སྨན་བཅོས་རོགས་སྐྱོབ། གནས་སྐབས་རོགས་སྐྱོབ་སོགས་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་ཁག་ལག་བསྟར་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལས་ཀ་བྱེད་མཁན་གྱི་འགན་ནུས་བྱ་སྤྱོད་ནུས་ལྡན་ངང་ཚད་ལྡན་བཟོ་བ། ནོར་ནས་འགན་བཅོལ་བྱེད་པ་དང་། འགན་བཅོལ་ནང་མ་ཚུད་པ། མགོ་བསྐོར་བཏང་ནས་འགན་བཅོལ་བྱེད་པ་སོགས་ཀྱི་སྣང་ཚུལ་ཐོན་རྒྱུ་ཉུང་དུ་གཏོང་བ། དུས་ཐོག་ཏུ་དྲང་བཞག་མ་ཡིན་པའི་འགན་བཅོལ་བྱེད་མཁན་ཤེས་རྟོགས་དང་ཡོ་བསྲང་། ཆད་གཅོད་བཅས་བྱས་ཏེ། སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་གཞུང་དྲང་ངང་ལག་བསྟར་ཡོང་རྒྱུར་འགན་སྲུང་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག