མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་མཐུན་སྦྱོར་བཞུགས་མོལ་ཚོགས་ཐེངས་དང་པོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 11:06

00.jpg

  སྤྱི་ཟླ10བའི་ཚེས22ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་མཐུན་སྦྱོར་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་པེ་ཅིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོམས་ཁང་ནས་ཚོགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་མཐུན་སྦྱོར་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་སྤྱི་ཟླ10བའི་ཚེས22ཉིན་གྱི་ཕྱི་དྲོར་པེ་ཅིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོམས་ཁང་ནས་ཚོགས། གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་ད་ལྟའི་ཆེ་ཕྱོགས་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་བྱེད་རྒྱུ་དེ་ཡིན་ལ། ཇི་ལྟར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། བརྟན་འཇགས་སྒོས་ཐོན་ཚད་འཕར་སྣོན་བྱེད་པ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གནས་བབ་བཟང་བོ་སྲུང་འཛིན་བྱེད་དགོས་པའི་ཐད་ལ་སྲིད་གྲོས་བློ་འདོན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

  ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ནི་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་བོ་ཞིག་ཡིན་པས། དེའི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་དེ་བསམ་བློ་བརྗེ་རེས་དང་ཐུན་མོང་གི་ལྟ་བ་འབྱུང་བ། འབྲེལ་བ་ཇེ་ལེགས་སུ་གཏོང་བ། སྟོབས་ཤུགས་གཅིག་ཏུ་བསྡུ་བ་བཅས་ཀྱི་གྲོས་མོལ་ཚོགས་འདུ་ཞིག་ཏུ་བསྒྱུར་དགོས་ཟེར།

  བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡི་ཅུའུ་ཀྲང་མཱ་ཅན་ཐང་གིས་ད་ལྟའི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་མཚམས་སྦྱོར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག