སྤྱི་ཟླ10བའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས་སྤྱི་ཟླ10བའི་ཚེས22ཉིན་གྱི་སྔ་དྲོར་པེ་ཅིན་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཚོགས་སུ་ཞུགས་པ་དང་། ཨུ་ཡོན་ཀྲང་གཞོན་པ་ཁྲིན་ཁྲང་ཀྲི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞུའུ་ཧྲིའོ་ཧྲི་ཡིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པའི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཅི་ཝེ་ཡིས་རྒྱལ་ཁབ་ནོར་སྲིད་ཀྱི་ཚན་རྩལ་མ་དངུལ་བགོ་བཤའ་དང་བེད་སྤྱོད་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།
གྲོས་ཚོགས་སྟེང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་མི་དམངས་འདྲི་གཅོད་ལས་རོགས་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་སྟེང་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཝུ་ཀན་ཏ་དང་ནི་ཀྲེ་རི་ཡ། སི་ལོ་ཝ་ཁེ། ཨུ་རུ་སི་བཅས་ལ་འཚམས་འདྲི་མཛད་པ་དང་། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཨུ་རུ་སའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་ཞུགས་པའི་གནས་ཚུལ་གྱི་ཡིག་ཐོག་སྙན་ཞུར་གྲོས་ཞིབ་བྱས། །