མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཨུ་རུ་སིའི་ཙུང་ལི་མེས་ཏེ་མེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 11:06

000.jpg

  སྤྱི་ཟླ10བའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་མེས་ཏེ་མེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

0000.jpg

  སྤྱི་ཟླ10བའི་ཚེས22ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་མེས་ཏེ་མེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ10བའི་ཚེས22ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཙུང་ལི་མེས་ཏེ་མེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

  ཀྲང་ཏི་ཅང་གིས་གསུངས་རྒྱུར། ད་ལོའི་སྤྱི་ཟླ3པར། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་སྟེ། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་སྤེལ་བར་ཁ་ཕྱོགས་གསལ་བོ་བསྟན་པ་དང་ལས་འགན་གཏན་འཁེལ་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་རྒྱལ་ཁབ་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

  མེས་ཏེ་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ཏེ། གྲོས་ཁང་བར་བརྗེ་རེས་བྱེད་པའི་ནུས་པ་གལ་ཆེན་ལ་ཧ་ཅང་མཐོང་ཆེན་བྱས་ནས། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག