མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལི་ཡིས་སིང་ཀ་ཕོར་རྒྱལ་ཁབ་ལ་འཚམས་འདྲི་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:56


0.jpg

   སྤྱི་ཟླ10བའི་ཚེས22ཉིན། གདན་དྲངས་པ་ལྟར་སིང་ཀ་ཕོར་རྒྱལ་ཁབ་ལ་འཚམས་འདྲི་མཛད་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་སིང་ཀ་ཕོར་གྱི་ཙུང་ཐུང་ཁྲིན་ཆིན་ཡན་ལ་མཇལ་འཕྲད་གནང་བ་།

000.jpg

  སྤྱི་ཟླ10བའི་ཚེས22ཉིན། གདན་དྲངས་པ་ལྟར་སིང་ཀ་ཕོར་རྒྱལ་ཁབ་ལ་འཚམས་འདྲི་མཛད་བཞིན་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་སིང་ཀ་ཕོར་གྱི་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་བ་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས21ཉིན་དང་ཚེས་ཉེར་གཉིས་ཉིན་ལ། གདན་དྲངས་པ་ལྟར་སིང་ཀ་ཕོར་འཚམས་འདྲིར་ཕེབས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་སིང་ཀ་ཕོར་གྱི་ཙུང་ཐུང་ཁྲིན་ཆིན་ཡན་དང་ཙུང་ལི་ལིས་ཞན་ལུང་གཉིས་ལ་སོ་སོར་མཇལ་འཕྲད་གནང་བར་མ་ཟད། སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཀྲང་ཀྲི་ཞན་དང་མཉམ་དུ་ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ་དང་། སུའུ་ཀྲིག་བཟོ་ལས་ས་ཁུལ་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་ལྔ་བ། ཐེན་ཅིན་སྐྱེ་ཁམས་གྲོང་ཁྱེར་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པ་བཅས་ལ་མགོ་འཛིན་མཛད།

  ཁྲིན་ཆིན་ཡན་དང་ལིས་ཞན་ལུང་གཉིས་ལ་མཇལ་འཕྲད་གནང་སྐབས། ཀྲང་ཀའོ་ལི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱིས་ཁོ་ཚོར་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ཁྲིན་ཆིན་ཡན་དང་ལིས་ཞན་ལུང་གཉིས་ཀྱིས་དེར་བཀའ་དྲིན་ཞུས་པར་མ་ཟད་ཁོ་ཚོས་ཀྲུང་གོའི་མགོ་ཁྲིད་པར་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱེད་རོགས་ཞུས།

  ཀྲང་གོ་ལི་ཡིས་གསུང་རྒྱུར། ཀྲུང་གོའི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གིས་སྔར་ལྟར་ཀྲུང་གོ་དང་སིང་ཀ་ཕོར་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་ལས་བཟང་བོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་དུས་སྐབས་གསར་བའི་ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་བཞག་པའི་ཐུན་མོང་གི་ལྟ་བ་ལག་བསྟར་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་མཉམ་ལས་བྱེད་པ་དང་། ལས་གཞི་གཙོ་བོའི་དཔེ་སྟོན་རང་བཞིན་འདོན་སྤེལ་བྱས་ནས། ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་འབྲེལ་བ་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

 ཀྲང་ཀའོ་ལི་ཡིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་ཀྲུང་གོའི་གཅིག་གྱུར་འཆར་འགོད་ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། སིང་ཀ་ཕོར་ཀྲུང་གོའི་ས་གནས་ཀྱི་འཕེལ་རྒྱས་ཁྲོད་ཞུགས་པར་རེ་བ་བྱེད་བཞིན་ཡོད་ལ། སིང་ཀ་ཕོར་ཕྱོགས་ཀྲུང་གོའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་ཤར་བྱང་བཟོ་ལས་རྟེན་གཞི་རྙིང་བ་དར་རྒྱས་སུ་གཏོང་བའི་བྱ་འགུལ་ཁྲོད་ཞུགས་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག