མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་མེ་ཏི་བེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་བཅོ་བརྒྱད་པར་མགོ་འཛིན་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:56

888.jpg

  སྤྱི་ཟླ10བའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་བཅོ་བརྒྱད་པར་མགོ་འཛིན་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་བཅོ་བརྒྱད་པར་མགོ་འཛིན་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་དངོས་གཉེར་གཏིང་ཟབ་ཀྱི་ཁྱབ་ཁོངས་ཆེ་བ་དང་ཆུང་བའི་སྒོ་ནས་གྲོས་མོལ་བྱས་ཏེ། ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་ཐད་ལ་འཆར་འགོད་དང་མཛུབ་སྟོན་བྱས།

  གྲོས་མོལ་མཛད་སྐབས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཀྲུང་གོ་དང་ཨུ་རུ་སིའི་མི་གཞུང་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་བཅས་མཉམ་ལས་ནང་རྐྱེན་གསུམ་གྱི་བྱ་བའི་སྙན་ཞུ་ལ་ཉན་པར་མ་ཟད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་ལྔ་བྱུང་། གཅིག དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ཕན་ཚུན་ལ་སྒོ་འབྱེད་ཚད་རྒྱ་བསྐྱེད་ནས་ཉོང་ཚོང་སྤུས་ཚད་ཇེ་མཐོར་གཏོང་བ་དང་དངུལ་གཏོང་མཉམ་ལས་ཇེ་མང་དུ་གཏོང་དགོས། གཉིས། མཁའ་སྐྱོད་སོགས་ཁྱབ་ཁོངས་ནས་མཉམ་འབྲེལ་སྒོས་གསར་སྤེལ་དང་ཞིབ་བཟོ། ཐོན་སྐྱེད་མཉམ་ལས་སྣ་ཚོགས་བྱེད་དགོས། གསུམ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཀྱི་འཐབ་ཇུས་མཉམ་ལས་འཕེལ་རྒྱས་སུ་གཏོང་དགོས། བཞི། མི་གཞུང་བརྗེ་རེས་ཇེ་མང་དུ་གཏོང་བ་དང་སློབ་གསོ་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ལྔ། མཉམ་ལས་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྣ་མང་སྤྱི་ཁོག་འོག་ཏུ་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་ཤུགས་སྣོན་དགོས་པ་བཅས་རེད།

 གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས«ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་བཅོ་བརྒྱད་པའི་མཉམ་འབྲེལ་སྤྱི་སྒྲོག»སྟེང་མིང་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག