མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་འཛམ་གླིང་རྩིས་བཤེར་རྩ་འཛུགས་སྐབས་ཉེར་གཅིག་པའི་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-23 10:54

125581803_11n.jpg

  སྤྱི་ཟླ10བའི་ཚེས22ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་རྩིས་བཤེར་རྩ་འཛུགས་སྐབས་ཉེར་གཅིག་པའི་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་སྤྱི་ཟླ10བའི་ཚེས22ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་རྩིས་བཤེར་རྩ་འཛུགས་སྐབས་ཉེར་གཅིག་པའི་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ལིས་ཁི་ཆང་གིས་ཐོག་མར་འཛམ་གླིང་རྩིས་བཤེར་རྩ་འཛུགས་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་དང་སྐབས་འདིའི་ཚོགས་ཆེན་ཆེས་གལ་འགང་ཆེ་བའི་ལོ་འདིར་ཀྲུང་གོ་ནས་ཚོགས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་མུ་མཐུད་དུ་སླར་གསོ་བྱེད་བཞིན་པའི་སྒང་ཡིན་ལ། འོན་ཀྱང་འཛམ་གླིང་དཔལ་འབྱོར་ཉམས་ཉེན་གྱི་གཏིང་ཟབ་པའི་ཤུགས་རྐྱེན་ད་དུང་རྩ་བ་ནས་མེད་པར་ལ་སོང་མེད་པ་དང་། སྔར་བཞིན་གཏན་འཇགས་མིན་པའི་རྒྱུ་རྐྱེན་མང་པོ་གནས་ཡོད། ད་ལོའི་ཟླ་སྔོན་མ་འགའི་ནང་དུ་ཀྲུང་གོའི་དཔལ་འབྱོར་མར་ཆགས་པའི་གནོན་ཤུགས་ཅུང་ཆེ་བ་དང་ཀྲུང་དབྱང་ནོར་སྲིད་ཀྱི་འཕར་སྣོན་ཡང་དཀའ་ཁག་དང་འཕྲད། འདི་ལྟ་བུའི་གནས་ཚུལ་འོག་ཏུ་ཀྲུང་གོ་སྲིད་གཞུང་གིས་ཆེ་ཕྱོགས་སྙོམས་སྒྲིགས་ཀྱི་བྱེད་ཐབས་གསར་སྐྲུན་འདོན་སྤེལ་བྱས་ནས། གཏན་འཇགས་ཀྱི་ནུས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་རྐང་འཛུགས་ས་བརྟན་པོ་ཡིན་པ། ཧ་ཅང་ལྷོད་པོ་མིན་པ་དང་ཧ་ཅང་གྲིམ་པོ་མིན་པའི་བྱེད་ཐབས་སྤྱོད་པ། དེ་དང་མཉམ་དུ་གཏིང་ཟབ་པའི་སྒོ་ནས་བཅོས་བསྒྱུར་ལ་ཤུགས་སྣོན་པ་དང་ཡང་དག་པའི་སྒོ་ནས་གྲུབ་ཚུལ་སྙོམས་སྒྲིག་བྱེད་པ། དེ་ལས་ཀྱང་གལ་ཆེ་བ་ནི་ཚོང་རའི་གསོན་ཤུགས་དང་ནང་ཁུལ་གྱི་སྒུལ་ཤུགས་ལ་བསྟེན་ནས་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བཏང་།  བྱེད་ཐབས་འདི་དག་སྤྱད་པས་དཔལ་འབྱོར་འཕར་སྣོན་ཐད་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་མིག་སྔར་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་སྟངས་དང་ཚོང་རའི་སྔོན་དཔག་དམིགས་འབེན་ཕལ་ཆེར་གཏན་འཇགས་སུ་སོང་ཡོད་ཟེར།

  ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོར་མཚོན་ན་རྩིས་བཤེར་བྱ་བས་ནོར་སྲིད་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་ལེགས་བཅོས་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད། རྩིས་བཤེར་སྡེ་ཁག་གིས་སྤྱི་སྤྱོད་མ་དངུལ་དང་རྒྱལ་དབང་རྒྱུ་ནོར། མགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འོས་འགན་གྱི་རྩིས་བཤེར་ལྟ་སྐུལ་བྱ་བར་ཤུགས་བསྣན་ནས། ཆེས་གལ་ཆེ་བའི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཆེད་དུ་རྗེས་འདེད་རྩིས་བཤེར་བྱེད་པ། རྩིས་བཤེར་ལས་ཁུངས་ཀྱིས་བཏོན་པའི་གནད་དོན་གཞིར་བཟུང་ནས་དོ་དམ་ལ་ཤུགས་སྣོན་པ་དང་ཉེན་ཁ་སྔོན་འགོག་བྱེད་ཐབས་ལག་བསྟར་དངོས་འབེབ་བྱེད་དགོས་ཟེར།  ལིས་ཁི་ཆང་གིས་ཀྲུང་གོའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རྩིས་བཤེར་བྱ་བའི་ཐད་ལ་འདོད་བློ་གསུམ་བཏོན། གཅིག ནོར་སྲིད་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་ལྟ་སྲུང་མཁན་བཟང་བོ་ཞིག་བྱེད་དགོས། གཉིས། རུལ་སུངས་སྔོན་འགོག་བྱེད་པའི་སོ་ལྟ་མཁན་བཟང་བོ་ཞིག་བྱེད་དགོས། གསུམ། རྒྱལ་སྤྱིའི་མཉམ་ལས་ཀྱི་ཕོ་ཉ་བཟང་བོ་བཅས་བྱེད་དགོས་ཟེར།

  གྲོས་ཚོགས་སྔོན་གྱི་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ལིས་ཁི་ཆང་གིས་འཛམ་གླིང་རྩིས་བཤེར་རྩ་འཛུགས་ཀྱི་ཀྲུའུ་ཞི་ཐི་ལུང་སི་ནོར་པེ་པེ་སོགས་སྐུ་མགྲོན་གཙོ་བར་མཇལ་འཕྲད་གནང་། རྒྱལ་ཁབ་བརྒྱ་དང་དྲུག་ཅུ་ལྷག་ནས་ཡོང་བའི་འཛམ་གླིང་རྩིས་བཤེར་རྩ་འཛུགས་ཀྱི་ཁོངས་གཏོགས་མི་སྣ་དང་ལྟ་ཞིབ་པ་བཅས་མི་དྲུག་བརྒྱ་དང་བརྒྱད་ཅུ་ཐེངས་འདིའི་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག