མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སང་ལོ་སྲུང་སྐར་བརྒྱུད་གཏོང་ཕྱོགས་བསྡུས་འཕྲིན་ལམ་སྙོམ་སྒྲིག་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་བརྡ་ཐོ་བཏང་སྟེ། སང་ལོ་སྲུང་སྐར་བརྒྱུད་གཏོང་ཕྱོགས་བསྡུས་འཕྲིན་ལམ་ཚོད་འཛིན་སྙོམ་སྒྲིག་སྲིད་ཇུས་གཏན་འཁེལ་བྱས་ནས་ལོ་ལྟར་ཕྱི་ཕྱོགས་ནས་པར་དབང་ནང་འདྲེན་བྱས་པའི་ལེ་ཚན་གཅིག་མ་གཏོགས་གཏོང་སྤེལ་བྱེད་མི་རུང་བ་དང་དུས་ཚིགས་རེར་སྤྱི་ཁྱབ་ཅུས་ནས་དཔྱད་བསྡུར་ཚོགས་འདུ་འཚོགས་ཏེ་གླུ་གཞས་དྲག་གྲས་དམིགས་བསལ་གྱིས་དུས་ཚོད་ཡག་ཤོས་སུ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་གཏན་འབེབས་བྱས་པར་གཞིགས་ན། སང་ལོ་སྲུང་སྐར་བརྒྱུད་གཏོང་ཕྱོགས་བསྡུས་འཕྲིན་ལམ་དང་། གསར་འགྱུར་དང་དཔལ་འབྱོར། རིག་གནས། ཚན་རིག་སློབ་གསོ། འཚོ་བའི་ཞབས་ཞུ། འགུལ་རིས་དང་བྱིས་པའི་ལེ་ཚན། དངོས་བཤུས་པར་གཞི། ཞིང་ལས་སྐོར་སོགས་སྤྱི་ཕན་རང་བཞིན་གྱི་ལེ་ཚན་གཏོང་སྤེལ་བྱེད་པའི་དུས་ཡུན་ཉུང་མཐར་ཡང་གཟའ་འཁོར་རེར་ཆ་སྙོམ་བརྒྱ་ཆ་༣༠ལས་ཉུང་མི་རུང་བ་དང་། དེའི་ཁྲོད་ཆ་སྙོམ་ཉིན་ལྟར་ཆུ་ཚོད6པ་ནས་ཉིན་གཉིས་པའི་ཐོ་རེངས་ཆུ་ཚོད་དང་པོའི་བར་ཉུང་མཐར་ཡང་ཆུ་ཚོད་ཕྱེད་ཀའི་རྒྱལ་ཐོན་དངོས་བཤུས་པར་གཞིའི་ལེ་ཚན་གཏོང་དགོས་པ། ཉིན་ལྟར་ཆུ་ཚོད8པ་ནས་ཆུ་ཚོད21པའི་བར་ཉུང་མཐར་ཡང་ཆུ་ཚོད་ཕྱེད་ཀའི་རྒྱལ་ཐོན་སྒུལ་རིས་དང་བྱིས་པའི་ལེ་ཚན་གཏོང་དགོས་པ། ཀུན་སྤྱོད་འཛུགས་སྐྱོང་རིགས་ཀྱི་ལེ་ཚན་ཆུ་ཚོད6པ་ནས24བར་ལ་བཀོད་སྒྲིག་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།

བརྡ་ཐོའི་ནང་ད་དུང་བརྙན་འཕྲིན་གྱི་ལེ་ཚན་ཚོགས་སྙོམ་སྒྲིག་བྱ་རྒྱུ་དང་། རྩ་དོན་ཐོག་དུས་ཆེན་དང་གུང་སེང་སྐབས་ཉིན་ལྟར་མཚན་ཚོགས་གསུམ་ལས་བརྒལ་མི་རུང་བ། ཆོག་མཆན་མ་ཐོབ་པའི་བརྙན་འཕྲིན་མཚན་ཚོགས་དང་དུས་ཆེན་གྱི་འཁྲབ་སྟོན་རིགས་དྲིལ་བསྒྲགས་དང་བརྒྱུད་གཏོང་བྱེད་མི་རུང་བའི་གཏན་འབེབས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག