མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ན་སྨི་པི་ཡ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:08


0.jpg

  སྤྱི་ཟླ10བའི་ཚེས21ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མིན་སར་མཇལ་འཕྲད་གནང་བ།

00.jpg

 སྤྱི་ཟླ10བའི་ཚེས21ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མིན་སར་མཇལ་འཕྲད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ10བའི་ཚེས21ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ན་སྨི་པི་ཡ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མིན་སར་མཇལ་འཕྲད་གནང་།

  ཡུས་ཀྲིན་ཧྲིན་གྱིས་མིན་སར་ཡང་བསྐྱར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་ན་སྨི་པི་ཡའི་མི་དམངས་བར་ཕན་ཚུན་ལ་རྒྱབ་སྐྱོར་དང་མཉམ་ལས་བྱས་ཏེ་བརྩེ་དུང་ཟབ་མོ་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ན་སྨི་པི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ན་སྨི་པི་ཡའི་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད། རྒྱལ་ཡོངས་སྲིད་གྲོས་དང་ན་སྨི་པི་ཡ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བར་མཛའ་མཐུན་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་དམ་དུ་བཏང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་བཏང་སྟེ། དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་སྔར་ལས་ཤུགས་བསྣན་ཏེ། མཉམ་ལས་བྱེད་ཐབས་སྣ་མང་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་རང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་པར་རེ་བ་བྱེད་བཞིན་ཡོད་ཟེར།  

  མིན་ས་ཡིས་ཀྲུང་གོ་ཕྱོགས་ཀྱིས་ལོ་མང་པོའི་རིང་ལ་ན་སྨི་པི་ཡ་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཕྱིན་ཆད་ཕྱོགས་གཉིས་ཀྱིས་ཞིང་ཕྱུགས་ལས་དང་སློབ་གསོ་སོགས་ཐད་ནས་མཉམ་ལས་སྔར་ལས་མང་པོ་བྱེད་པར་རེ་བ་བྱེད་བཞིན་ཡོད་པའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག