མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་གདན་དྲངས་བ་ལྟར་ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྟེང་དཔལ་འབྱོར་གནས་བབ་སྐོར་གྱི་སྙན་ཞུ་ཕུལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:08

125574562_41n.jpg

  སྤྱི་ཟླ10བའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གདན་དྲངས་བ་ལྟར་ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྟེང་དཔལ་འབྱོར་གནས་བབ་སྐོར་གྱི་སྙན་ཞུ་ཕུལ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10བའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གདན་དྲངས་བ་ལྟར་ཀྲུང་གོ་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྟེང་དཔལ་འབྱོར་གནས་བབ་སྐོར་གྱི་སྙན་ཞུ་ཕུལ། ཁོང་གིས་ཐོག་མར་རྒྱལ་ཡོངས་ཀྱི་བཟོ་བ་གྲལ་རིམ་ལ་གུས་འདུད་ཞུས་པར་མ་ཟད་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་བཞག་པའི་ལས་བཟོ་བ་དུང་ཕྱུར་མང་བོ་དང་རྒྱ་ཆེའི་བཟོ་ཚོགས་ཀྱི་ལས་བྱེད་པ་རྣམས་ལ་བརྩེ་བའི་འཚམས་འདྲི་ཞུས།

  ལིས་ཁི་ཆང་གིས་རང་རྒྱལ་གྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་རྒྱུས་བཤད་མཛད། ཁོང་གིས་གསུངས་རྒྱུར། དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་དམིགས་འབེན་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་པས། རིམ་པ་སོ་སོའི་སྲིད་གཞུང་གིས་བློ་སེམས་བརྩེ་གཅིག་སྒོས་བཟོ་བ་གྲལ་རིམ་ལ་བརྟེན་དགོས་པ་དང་ནམ་ཡིན་ཡང་ལས་བཟོ་བའི་ཁེ་ཕན་དེ་གོ་གནས་གལ་ཆེན་དུ་འཇོག་དགོས་པ་དང་། ཞིང་བ་ཞོར་ལས་བའི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་དགོས་ལ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་ངལ་རྩོལ་བདེ་འཇགས་འགན་སྲུང་བྱེད་པ་དང་། ངལ་རྩོལ་ཡོང་སྒོ་ཇེ་མང་དང་ངལ་རྩོལ་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་དགོས་བར་མ་ཟད། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་པོ་ཡོད་པའི་རྒན་གསོ་དང་སྨན་བཅོས། མ་མཐའི་འཚོ་བ། སྡོད་ཁང་སོགས་གཞི་རྩའི་འགན་སྲུང་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། རྒྱ་ཆེའི་ངལ་རྩོལ་མཁན་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།

  ལིས་ཁི་ཆང་གིས་གསུངས་རྒྱུར། སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཡར་ཐོན་དེ་རྒྱ་ཆེའི་ངལ་རྩོལ་མཁན་གྱི་བརྩོན་འགྲུས་དང་བློ་གྲོས། གསར་སྐྲུན་བཅས་ལ་འབྲེལ་བ་ཡོད། རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་ཏང་དང་སྲིད་གཞུང་གིས་ལས་བཟོ་བ་དང་མང་ཚོགས་ལ་འབྲེལ་འདྲིས་དམ་པོ་བྱེད་པའི་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དཀའ་ཁག་ཆེ་བའི་ལས་བཟོ་བར་རོགས་རམ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱ་ཆེའི་ལས་བཟོ་བ་རྣམས་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལས་དོན་ཁྲོད་དུ་ཞུགས་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག