མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བར་ཞུགས་པར་ཡོང་བའི་མ་ཁེ་ཐེན་གྱི་ཙུང་ཐུང་དབྱི་བན་ནོ་ཧྥུའུ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:08

117809174_21n.jpg

  སྤྱི་ཟླ10བའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བར་ཞུགས་པར་ཡོང་བའི་མ་ཁེ་ཐེན་གྱི་ཙུང་ཐུང་དབྱི་བན་ནོ་ཧྥུའུ་ལ་མཇལ་འཕྲད་གནང་

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ10བའི་ཚེས21ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བར་ཞུགས་པར་ཡོང་བའི་མ་ཁེ་ཐེན་གྱི་ཙུང་ཐུང་དབྱི་བན་ནོ་ཧྥུའུ་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་མ་ཁེ་ཐེན་བར་འབྲེལ་བ་བཙུགས་ནས་ལོ་ཉི་ཤུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་བའི་རྨང་གཞིའི་སྟེང་སྔར་ལས་འཕེལ་རྒྱས་སུ་སོང་ཞིང་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་ལ་སོང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གྱུར་བར་མ་ཟད། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་ཇེ་ཆེར་སོང་། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མ་ཁེ་ཐེན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་མཉམ་ལས་ལས་གཞི་དངོས་འབེབས་བཟང་བོ་བྱེད་པར་མ་ཟད། སློབ་གསོ་དང་རིག་གནས། སྒྱུ་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཚོགས་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཀྲུང་གོ་དང་མ་ཁེ་ཐེན་བར་གྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  དབྱི་བན་ནོ་ཧྥུའུ་ཡིས་བཤད་རྒྱུར། མ་ཁེ་ཐེན་ཕྱོགས་ཀྱིས་ཀྲུང་གོས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུ་བར་མ་ཟད། མ་ཁེ་ཐེན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་སྟེ་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་དང་མི་གཞུང་བརྗེ་རེས་ཇེ་མང་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་དང་དེ་མིན་ཡོ་རོབ་གླིང་དབུས་མ་དང་ཡོ་རོབ་གླིང་དབུས་ཤར། ཀྲུང་གོ་བཅས་ཀྱི་སྤྱི་ཁོག་ནང་དུ་དངོས་གཉེར་མཉམ་ལས་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག