མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ནུབ་བྱང་ས་ཁུལ་ནས་ཨ་རི་བར་གྱི་མཁའ་ལམ་ཐོག་མ་དེ་ཤར་གཏོང་ཐུབ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-22 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉིན་ཤས་གོང་ཤེས་རྟོགས་བྱུང་བར། ཧའེ་ནན་མཁའ་འགྲུལ་ཀུང་སིས་སྤྱི་ཟླ10པའི་ཚེས30ཉིན་ཞི་ཨན་ནས་ཤི་ཡ་ཐུ་བར་གྱི་རྒྱལ་སྤྱིའི་མཁའ་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད། མཁའ་ལམ་དེ་ནི་ནུབ་བྱང་ས་ཁུལ་ནས་ཨ་རིའི་བར་གྱི་མཁའ་ལམ་ཐོག་མ་དེ་ཡིན། ཧའེ་ནན་མཁའ་འགྲུལ་ཀུང་སིའི་ཞི་ཨན་ནས་ཤི་ཡ་ཐུ་བར་གྱི་རྒྱལ་སྤྱིའི་མཁའ་ལམ་ཐོག་གཟའ་འཁོར་རེར་གནམ་གྲུ་ཐེངས་གཉིས་གཏོང་རྒྱུ་ཡིན་པ་དང་། དེ་གཉིས་པོ་ནི་རེས་གཟའ་ལྷག་པ་དང་རེས་གཟའ་སྤེན་པར་ཡིན་ཞིང་། སྐྱིད་སྣང་དོད་པའི་འགྲུལ་སྐྱེལ་གནམ་གྲུA330རྟགས་ཅན་འཕུར་བསྐྱོད་བྱ་རྒྱུ་ཡིན་པ་དང་། དུས་ཡུན་ཆུ་ཚོད16དང་སྐར་མ25ཡི་རིང་འཕུར་བསྐྱོད་བྱས་པ་བརྒྱུད་ཤི་ཨ་ཐུར་སླེབས་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག