མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2013ལོའི་ཀྲུང་གོའི་རྒྱལ་སྤྱིའི་མཁའ་སྐྱོད་ཚོགས་འདུ་ཚོགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-22 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ10པའི་ཚེས20ཉིན། སྤྱི་ལོ2013ལོའི་ཀྲུང་གོའི་རྒྱལ་སྤྱིའི་སྤྱི་སྤྱོད་མཁའ་སྐྱོད་ཚོགས་ཆེན་གྱི་རྣམ་གྲངས་ལ་མིང་རྟགས་འགོད་པ་དང་གྲུབ་འབྲས་ཡོངས་བསྒྲགས་ཚོགས་ཆེན་དེ་ཞི་ཨན་གྱི་ལུད་ཏེ་པེ་ཁེ་འགྲེམ་སྟོན་ལྟེ་གནས་སུ་སྐོང་ཚོགས་བྱས་ཡོད་པ་རེད། ཀྲུང་གོ་དང་། ཨ་མེ་རི་ཁ། ཁ་ན་ཏ་སོགས་རྒྱལ་ཁབ18ཀྱི་ཁེ་ལས་ད་རེས་ཀྱི་ཚོགས་ཆེན་ལ་ཞུགས་ཡོད་པ་དང་། ཚོགས་ཞུགས་ཁེ་ལས508ཡོད་པ་རེད། ཚོགས་ཆེན་ཐོག་མིང་རྟགས་བཀོད་པའི་རྣམ་གྲངས46ཡོད་པ་དང་། མི་རྟགས་བཀོད་པའི་དངུལ་གྲངས་སྒོར་དུང་ཕྱུར229.1ཟིན་གྱི་ཡོད། སྤྱི་སྤྱོད་གནམ་གྲུའི་བཟོ་སྐྲུན་རྣམ་གྲངས་དང་གནམ་གྲུ་ཉོ་ཚོང་རྣམ་གྲངས་ཀྱིས་མིང་རྟགས་བཀོད་པའི་དངུལ་གྲངས་ཀྱི40%ཟིན་གྱི་ཡོད་པ་རེད། ཨ་རི་དང་། འཇར་མན། ཅི་ཁེ། སུའེ་ཙེར་སོགས་མཁའ་སྐྱོད་ཐོན་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་གྱིས་རྣམ་གྲངས་ཚོགས་ཆེན་ཐོག་འབྲེལ་མཐུད་མིང་རྟགས་བཀོད་ཡོད་པ་དང་། ཕྱི་དངུལ་གྱི་གན་རྒྱའི་དངུལ་གྲངས་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་གྲངས་འབོར་སྐབས་གོང་མ་དང་བསྡུར་ན་མང་དུ་ཆེན་པོ་ཕྱིན་ཡོད། དེ་བས་མང་བའི་ཕྱི་རྒྱལ་གྱི་མཁའ་སྐྱོད་ཁེ་ལས་ཀྱིས་ཀྲུང་གོའི་མཁའ་སྐྱོད་ཁྲོམ་རའི་མདུན་ལྗོངས་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པ་དང་། ཀྲུང་གོའི་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུའི་འདམ་ཁ་བྱེད་ཀྱི་ཡོད། ཀྲུང་གོའི་རྒྱལ་སྤྱིའི་མཁའ་སྐྱོད་ཚོགས་ཆེན་དེ་བདེ་བླགས་ངང་སྐབས་གསུམ་སྐོང་ཚོགས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག