མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས་ཚན་ཆུང་བགོས་ཏེ་གྲོས་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:07

0.jpg

  སྤྱི་ཟླ10བའི་ཚེས21ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས་པེ་ཅིན་ནས་ཚན་ཆུང་བགོས་ཏེ་གྲོས་ཚོགས་བསྡུས་ནས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ལ་ཞུགས་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བས་སྤྱི་ཟླ10བའི་ཚེས21ཉིན་གྱི་ཕྱི་དྲོར་ཚན་ཆུང་བགོས་ཏེ་གྲོས་ཚོགས་བསྡུས་ནས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཞིབ་ལ་ཞུགས།

  ཚན་ཆུང་བགོས་ཏེ་གྲོས་ཞིབ་བྱེད་སྐབས། གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་སྣ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་མི་སྣ། ཞིང་ལྗོངས་དང་གྲོང་ཁྱེར་བཅས་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་བཅས་ཀྱིས་བལྟས་ན། ཐེངས་འདིའི་བཟོ་བཅོས་བྱེད་རྒྱུ་དེས་སྤྱི་ཚོགས་འཕེལ་རྒྱས་དང་འཛད་སྤྱོད་ཀྱི་གནས་ཚུལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། རྒྱ་ཆེའི་འཛད་སྤྱོད་པས་ཡོངས་ཁྱབ་ཏུ་དོ་སྣང་བྱེད་པའི་གནད་དོན་ལ་དམིགས་ཏེ། སྤྱི་ཚོགས་ཀྱི་ཡིད་རྟོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་འཛད་སྤྱོད་པའི་ཁེ་དབང་འཐུས་ཚང་དུ་གཏོང་བ། འཛད་སྤྱོད་པའི་མཐུན་ཚོགས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པ་སོགས་ཐད་ནས་འཛད་སྤྱོད་པའི་ཁེ་དབང་ལ་སྔར་ལས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། འཛད་སྤྱོད་པའི་ཡིད་ཆེས་ཇེ་ཆེར་གཏོང་བར་ཕན་པ་ཆེན་པོ་ཡོད་པར་སྙམ།

  ཚན་ཆུང་བགོས་ཏེ་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣ་ཁ་ཤས་ཀྱིས་ད་རུང་དྲ་སྟེང་ནས་དངོས་པོ་ཉོ་བ་དང་། སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པ། ཚོང་གཉེར་བའི་འགན་འཁྲི། འཛད་སྤྱོད་པའི་མཐུན་ཚོགས་ཀྱི་འགན་འཁྲི་སོགས་གནད་དོན་བཟོ་བཅོས་སྔར་ལས་བཟང་བོ་བྱེད་པའི་གྲོས་གཞི་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག