མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-22 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ10བའི་ཚེས20དང་ཚེས21ཉིན་གཉིས་ལ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཚོགས་ཐོག་ནས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཀྲུའུ་ཞུ་ཚོགས་པའི་ཨུ་ཡོན་བཅས་བདམས་ཐོན་བྱུང་བ་དང་ལིས་ཅན་གོ་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལ་བདམས་པ་དང་། ཁྲིན་ཧའོ་སོགས་བློ་མཐུན་བཅུ་བཞི་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་གཞོན་པར་བདམས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལིས་ཅན་གོ་ཡིས་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅུ་དྲུག་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏམ་བཤད། ཁོས་བཤད་རྒྱུར། བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་དེ་ལས་བྱུང་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་ནི་བཟོ་ཚོགས་ཀྱི་ཆེས་མཐོའི་མགོ་ཁྲིད་ལས་ཁུངས་ཡིན་པ་དང་། ལག་བསྟར་ཨུ་ཡོན་སོ་སོའི་གོ་གནས་ཧ་ཅང་གལ་ཆེ་བ་དང་ཕྲག་ཏུ་བབས་པའི་འགན་འཁྲི་ཧ་ཅང་ལྗིད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན། དེ་མིན་ཏང་ཀྲུང་དབྱང་གིས་བཟོ་བ་གྲལ་རིམ་དང་བཟོ་ཚོགས་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། རྒྱ་ཆེའི་བཟོ་ཚོགས་ཀྱི་ལས་བཟོ་བར་སྣེ་ཁྲིད་བྱས་ཏེ་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ས་ཆ་ཀུན་ལ་དངོས་འབེབས་བཟང་བོ་བྱེད་དགོས་པར་མ་ཟད། རྒྱ་ཆེའི་ལས་བཟོ་བར་སྐུལ་སློང་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག